རང་རྒྱལ་གྱི་ལོར་མྱུར་སྐྱེལ་བྱེད་ཚད་བསྐུར་མ་དུང་ཕྱུར་1800ལས་ཐོག་མར་བརྒལ་བ།
རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་11ཚེས་30ཉིན་བར། རང་རྒྱལ་གྱི་ལོར་མྱུར་སྐྱེལ་བྱེད་ཚད་བསྐུར་མ་དུང་ཕྱུར་1800ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཟླ་རེར་བསྐུར་མ་བསྐུར་ཚད་ཆ་སྙོམས་དུང་ཕྱུར་160ལས་བརྒལ་བ་དང་། ཉིན་རེར་བསྐུར་མ་བསྐུར་ཚད་མང་ཤོས་ལ་དུང་ཕྱུར་7.77ཟིན་པ། སྐར་ཆ་རེར་བསྐུར་མ་བསྐུར་ཚད་6200ལས་བརྒལ་བ་སོགས་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་1800བརྒལ་བ་ལས་ཀྲུང་གོའི་དཔལ་འབྱོར་གྱི་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་ཡོད།
བཀོལ་སྤྱོད་བྱེད་རྣམ་སྣ་མང་དང་། གྲངས་གཞིའི་ཐོན་ཁུངས་འབེལ་བ། ཁྲོམ་རའི་བར་མཐོངས་ཡངས་པ་བཅས་ཀྱི་ལེགས་ཆར་གཞི་བཙུགས་ནས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པའི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། ཚན་རྩལ་ཞིབ་སྤེལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་བས་ཚན་རྩལ་བཀོད་སྤྱོད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཟླ་དང་པོ་ནས་བཅུ་པའི་བར། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་འབོར་གྱིས་རྒྱལ་ཡོངས་ཀྱི་བསྡུར་ཚད་ཁྲོད་བརྒྱ་ཆའི་གྲངས་1.1དང་0.6སོ་སོར་འཕར་ཡོད། ནུབ་རྒྱུད་ཐག་རིང་ས་ཁུལ་ལ་བསྐུར་གླ་སྤྲོད་མི་དགོས་པ་ལས་ས་གནས་དེ་གའི་བསྐུར་སྐྱེལ་གྱི་དྲ་རྒྱའི་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་དང་། ནང་སོག་དང་། ཤིན་ཅང་། བོད་ལྗོངས་སོགས་ཀྱི་མྱུར་སྐྱེལ་ལས་སྒོ་འཕར་བའི་རྣམ་པ་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།