དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་སྟོན་དགུན་གཉིས་ཀྱི་རྨོ་འདེབས་ལས་དོན་སྤྱིར་ན་མཇུག་འགྲིལ་བ།

    ཞིང་ནང་གཡོག་བྱེད་ལས་ཀ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-04

    ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་རང་རྒྱལ་གྱི་དགུན་གྲོ་དང་དགུན་ཁའི་པད་ཁ་རྨོ་འདེབས་ཀྱི་ལས་དོན་སྤྱིའི་ཆ་ནས་མཇུག་འགྲིལ་ཏེ། ཞིང་ནང་གཡོག་བྱེད་ལས་ཀ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད།

    རྨ་ཆུ་དང་། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ་བཅས་རྒྱུག་ཁུལ་གྱི་ས་ཁུལ་གྱི་གྲོའི་ཐོན་འབབ་ཀྱིས་རྒྱལ་ཡོངས་ཀྱི་གྲོའི་ཐོན་འབབ་ཀྱི་བཅུ་ཆ་དགུ་ཙམ་ཟིན་གྱི་ཡོད། དུས་འགོར་ཆར་པ་བསྟུད་མར་བབས་པས་རྨོ་འདེབས་དུས་ཚོད་འགྱངས་པ་དང་མྱུར་ཚད་དལ་བས་དགུན་གྲོ་བདེ་འཇགས་ངང་དགུན་གྱི་གྲང་ངར་ཐེག་པར་འགྲན་སློང་འཕྲད་ཡོད། ས་གནས་ཁག་གིས་སྟོན་མཇུག་དང་དགུན་སྟོད་དུ་སེར་ལངས་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་སེར་སྲུང་་འདེབས་འཛུགས་དང་། “ཁ་གསབ་བཞི་དང་སྐུལ་འདེད་གཅིག” གནོད་འབུ་འགོག་པ། དགུན་ཁ་མ་ཤར་གོང་གི་གཡོག་བྱེད་སོགས་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོ་སོན་ཡག་པོ་དང་མང་པོ་བཏབ་སྟེ་ལྗང་པ་སྐྱེ་འཚར་དང་བདེ་འཇགས་ངང་དགུན་ཁ་འཁྱོལ་ཐུབ་པའི་འགན་སྲུང་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།