དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་རྫོང་74ཚང་མར་ཁྲིམས་རྩོད་པའི་ལས་དོན་ཁང་ཡོངས་སུ་ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-04

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས་ཡོངས་ཀྱི“ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང”ཁག་18དུ་ཁྲིམས་རྩོད་པའི་ལས་དོན་ཁང་གསར་དུ་བཙུགས་པར་གཅིག་སྡུད་ཐོག་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས“ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང”མཇུག་སྒྲིལ་ཏེ་ལྗོངས་ཡོངས་ཀྱི་རྫོང་74ཚང་མར་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པ་མཚོན་ཡོད།

    ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་རྫོང་18ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་འཛུགས་པའི་ཆོག་མཆན་སྒྲོག་སྦྱངས་བྱས་པ་དང་འབྲེལ་གསར་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་དག་ལ《ཁྲིམས་རྩོད་པའི་ལས་དོན་ཁང་གི་ལས་གཉེར་འཁྲོལ་འཛིན》ཡང་སྤྲད་པ་རེད། གསར་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་དང་དེ་དག་གནས་སའི་ས་ཁུལ(གྲོང་ཁྱེར)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་འཐུས་མིས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།