དབུ་ཤོག
  • དགུན་དུས་སུ་སྙིང་ཁམས་ཁྲག་རྩའི་ནད་ཐོན་སླ་བས་སྔོན་འགོག་བྱ་རྒྱུར་མཐོང་ཆེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-12-03

    ད་ལྟའི་དུས་སུ་སྙིང་ཁམས་ཁྲག་རྩའི་ནད་མང་པོ་ཐོན་གྱི་ཡོད། དེ་ནི་གཙོ་བོ་དགུན་དུས་སུ་གནམ་གཤིས་གྲང་དུ་ཕྱིན་པ་དང་འགུལ་སྐྱོད་ཉུང་དུ་ཕྱིན་པས་ཡིན། དེར་བརྟེན་སྙིང་ཁམས་ཁྲག་རྩའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་ཡོད་མཁན་དང་དེ་བཞིན་རྒན་རྒོན་རྣམས་ཀྱིས་སྔོན་འགོག་བྱ་རྒྱུར་མཐོང་ཆེན་བྱེད་དགོས།

    དྲོ་ཇུས་ཡག་པོ་བྱེད་དགོས།

    གནམ་གཤིས་ལ་གཞིགས་ནས་གྱོན་གོས་གྱོན་པར་ཡིད་གཟབ་བྱེད་དགོས། ཕྱིར་སྐྱོད་སྐབས་ཡག་ཤོས་བྱུང་ན་གྱོན་གོས་མཐུག་པོ་ཞིག་འཁྱེར་དགོས།

    ཟ་འཐུང་ཚད་རན་པོ་བྱེད་དགོས།

    ཚྭ་མང་བ་དང་ཞག་ཚི་མང་བའི་ཟས་ཀྱིས་ནད་གཞི་ཇེ་སྡུག་ཏུ་འགྲོ་གི་ཡོད་པས། ནད་པས་དམར་ཟས་དང་དཀར་ཟས་མཉམ་དུ་ཟ་བ་དང་། ཚྭ་དང་ཞག་ཚི་ཉུང་ཙམ་བཟའ་དགོས།

    སྦྱོང་བརྡར་འོས་འཚམ་བྱེད་དགོས།

    གནམ་གཤིས་གྲང་དུ་ཕྱིན་པའི་རྐྱེན་གྱིས་སྙིང་ཁམས་ཁྲག་རྩའི་ནད་ཡོད་མཁན་ཚོས་ཞོགས་པ་སྔ་པོ་ནས་ལམ་སེང་གཟུགས་པོར་སྦྱོང་བརྡར་བྱེད་མི་རུང་བ་དང་། དགོང་མོ་མུན་རུབ་པའམ་ཡང་ན་སྨུག་རྡུལ་འཐིབས་པའི་སྐབས་སུ་གཟུགས་པོར་སྦྱོང་བརྡར་བྱེད་རྒྱུ་མེད།

    ཆམ་རིམས་སྨན་ཁབ་དུས་ཐོག་ཏུ་རྒྱག་དགོས། 

    སྙིང་ཁམས་ཁྲག་རྩའི་ནད་ཡོད་མཁན་ཚོས་ལོ་ལྟར་ཆམ་རིམས་སྨན་ཁབ་བརྒྱབ་སྟེ། ཆམ་པ་མི་རྒྱག་པ་བྱེད་དགོས་ཤིང་། ཆམ་པའི་རྐྱེན་གྱིས་སྙིང་ཁམས་ཁྲག་རྩའི་ནད་མི་ཐོན་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།