རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལྟད་མོ་ཆེ། མི་རིགས་མཐུན་སྒྲིལ་བརྩེ་བ་མཚོ་ལས་ཟབ།

ཉེ་ཆར། ཀུའེ་ཀྲོའུ་རུང་ཅང་གི“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”དང“རིམ་འདས་གཟའ་སྤེན་པའི”འགྲན་རར་གློག་འོད་ཁྲ་ཐིང་ངེར་སྤར་ཞིང་། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་ནས་འོང་བའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ལམ་ཐག་སྤྱི་ལེ་1892ཆོད་པར་མ་འཛེམས་པར་རུང་ཅང་རྫོང་པི་ཏེའོ་ལིན་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་འགྲན་བསྡུར་བྱས་ཤིང་། གླུ་གར་འཁྲབ་ནས་བརྩེ་བ་མངོན་པ་དང་། རྐང་རྩེད་སྤོ་ལོ་འགྲན་ནས་མཛའ་གྲོགས་ཟབ་ཏུ་བཏང་སྟེ། ནེའུ་གསིང་གི་སྤོ་ལོའི་ཐང་དུ་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་ཞིག་བརྩམས་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་ངར་སློང་རུ་ཁག་གིས་ཀུའེ་ཀྲོའུ་ཡི“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གྱི་འགྲན་རར་མངོན་མིན་རིག་གནས་ཤུལ་བཞག་གི་སྒྲ་སྙན་ཞབས་བྲོ་འཁྲབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།