དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཚོང་དོན་མཉམ་ལས་བྱས་པ་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དེའི་མི་དམངས་ལ་ཕན་པ་ཐོབ་པ།

    འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-03

    འདི་ནི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་རྒྱལ་ཁབ་ཕྱོགས་བསྡུས་འགྲེམས་སྟོན་དུ་པེ་ནི་ན་རྒྱལ་ཁབ་འགྲེམས་ཁང་གི་ལས་དོན་པས་པེ་ནི་ནའི་ཤིང་འབྲས་པོ་ལུའོ་སྟོན་བཞིན་པ།

    ཀྲུང་གོའི་ཁྲོམ་ར་ཆེན་པོས་འཛམ་གླིང་ལ་གོ་སྐབས་མང་པོ་བསྐྲུན་ཞིང་། ཀྲུང་གོ་ནི་འཛམ་གླིང་གི་་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པས། ཐོག་མཐའ་བར་གསུམ་དུ་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་གནས་བབ་གལ་ཆེན་དུ་འཇོག་གི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང“ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་མཉམ་ལས་གཉིས་ཁེའི་རྣམ་པ་གསར་པ་གཏོད་དགོས”པའི་ས་བཅད་ཆེད་མངགས་བཀོད་སྒྲིག་བྱས་ནས“འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་དགོས”ཞེས་ནན་བཤད་བྱས་ཡོད།

    “ད་ལོའི་ཟླ་8པར་ཨ་ཧྥེ་རི་ཁ་ལྷོ་མའི་ཞ་ཝེ་དབྱི་ཤིང་ཏོག་མཐུན་ཚོགས་ཀྲུང་གོར་ཡོང་ནས་2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཤུན་མཁྲེགས་ཤིང་ཏོག་ཚོགས་ཆེན་ལ་ཞུགས་པ་རེད། ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཧུར་ཐག་བྱས་ཏེ་འབྲེལ་ལམ་སྨྱན་སྦྱོར་སྟེགས་བུར་ཨ་ཧྥེ་རི་ཁ་ལྷོ་མའི་ཞ་ཝེ་དབྱི་ཤིང་ཏོག་དྲིལ་བསྒྲགས་དང་མཚམས་སྦྱོར་ཧུར་ཐག་བྱེད་ཀྱི་ཡོད” ཨ་ཧྥེ་རི་ཁ་ལྷོ་མའི་ཞ་ཝེ་དབྱི་ཤིང་ཏོག་མཐུན་ཚོགས་ཀྱི་ཙུང་ཚའེ་ལི་ཙེ་ཨེར·ཕུའུ་ལེ་ཐུའོ་ལི་ཝུའུ་སིས་གསར་འགོད་པར་2024ལོར་ཀྲུང་གོས་ཨ་ཧྥེ་རི་ཁ་ལྷོ་མ་ནས་ཞ་ཝེ་དབྱིའི་ཤུན་ལྡན་ཤིང་ཏོག་ཏུན་ཁྲི་4.8ཙམ་དང་ཞ་ཝེ་དབྱིའི་ཤིང་འབྲས་ཏུན་2200ནང་འདྲེན་བྱས་པ་དེས་2024ལོའི་ཐོན་སྐྱེད་དུས་ཚིགས་ཀྱི་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱིར་གཏོང་བྱེད་ཚད་ཀྱི་54%བཟུང་ཡོད་ཅེས་བརྗོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཨ་ཧྥེ་རི་ཁ་ལྷོ་མའི་2025ལོར་ཐོན་སྐྱེད་དུས་ཚིགས་ཀྱི་ཞ་ཝེ་དབྱིའི་ཤུན་ལྡན་ཤིང་ཏོག་48%ཀྲུང་གོའི་ཁྲོམ་རར་བཏང་ཡོད།

    ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་ཤིག་ཡིན་པས་ཐོག་མཐའ་བར་གསུམ་དུ་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚུད་པའི་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་གི་ཡོད།

    བྷང་ག་ལ་རྒྱལ་ཁབ་ཀྱི་པོ་ལཱ་པའོ་གྲོང་རྡལ་དུ་གྲོང་གསེབ་ཀྱི་བུད་མེད་2000ལྷག་ཙམ་གྱིས་སོ་མ་ར་ཙའི་ལག་འཐག་ཐོན་རྫས་འབོར་ཆེན་ཀྲུང་གོའི་ཁྲོམ་རར་འཚོང་བ་མ་ཟད། ད་དུང་རྒྱལ་སྒྲོལ་དྲ་ཚོང་བརྒྱུད་ཡོ་རོབ་དང་ཨ་རི་རྒྱལ་ཁབ་ལ་འཚོང་གི་ཡོད། བྷང་ག་ལ་རྒྱལ་ཁབ་ཀྱི་ཏཱ་ཏཱ་ཀུང་སི་ནང་འདྲེན་འགྲེམས་ཚོགས་ལ་བསྟུད་མར་ཞུགས་པ་དང་ལོ་རེའི་མངགས་ཐོ་འཕར་ཚད་20%ལས་བརྒལ་ནས་དེ་སྔའི་མི་10ལྷག་ཙམ་ལས་མེད་པའི་ཕྲན་ཚེགས་ཁེ་ལས་དེར་མི་2000ལྷག་ཙམ་ཟིན་པས་ས་གནས་དེ་གར་སྐད་གྲགས་ཆོད་པའི་ཁེ་ལས་སུ་གྱུར་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱི་ས་གདན་དང་ལག་ཁུག་དང་། སེ་ནེ་ཀལ་གྱི་རང་བྱུང་ཤིང་འབྲས་འོ་སྣུམ། མ་ལིའི་ཧུའུ་མན་པའོ་ཤིང་སྡོང་གི་ཕྱེ་མ་ལ་སོགས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཐོན་རྫས་ལ་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་ཆེད་ཚོང་ཁུལ་ཐོག་མར་བཙུགས་པས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ནས་ཡོང་བའི་ཁེ་ལས་163འགྲེམས་ཚོགས་ལ་ཞུགས་པ་དེ་དུས་མཚུངས་ལས་23.5%འཕར་ཡོད།

    ཀོང་ཤིས་ཕིན་ཤང་འགག་སྒོ་ནས་ནང་འདྲེན་བྱས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་ཆུ་ཚོད་7ནང་ཀོང་ཀྲོའུ་ཡི་ཅང་ནན་ཤིང་ཏོག་དང་སྔོ་ཚལ་སྡེབ་འཚོང་ཁྲོམ་རར་འབྱོར་བ་མ་ཟད། ཆུ་ཚོད་30ཡི་ནང་པེ་ཅིང་གི་ཤིན་ཧྥ་ཏིའི་ཁྲོམ་རར་འབྱོར་གྱི་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རིག་ནུས་འགག་སྒོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ཤིང་ཏོག་མྱུར་ལམ”དང“འགག་སྒོ་སྒྲོལ་བར་སྒུག་མི་དགོས་པ”སོགས་འགག་སྒྲོལ་སྟབས་བདེའི་བྱེད་ཐབས་ལག་ལེན་བསྟར་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་ཀྲུང་གོར་ནང་འདྲེན་བྱེད་པའི་དུས་ཚོད་ཐུང་དུ་དང་ཟོག་འགྲེམས་མ་གནས་ཇེ་ཆུང་དུ་བཏང་ཡོད། “ཆན་ཁའེ་ནས་ཧྲང་ཧའེ”བར་ཤར་གཏོང་ལམ་ཐིག་བཏོད་པ་བརྒྱུད་ཟོག་འདྲེན་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ་དང་། ཕེ་རུ་ནས་ཀྲུང་གོའི་བར་ཞིང་ཞོར་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་པའི་དུས་ཚོད་ཉིན་23བར་ཐུང་དུ་ཕྱིན་པ། 20%ཡན་གྱི་ཟོག་འགྲེམས་མ་གནས་གྲོན་ཆུང་ཐུབ་པ། ཀྲུང་གོའི་ཁྲོམ་རར་འབྲུ་སེའུ་སྔོན་པོ་དང་ཨ་བུ་ཁ་ལྡོ་སོགས་ཕེ་རུའི་ཐོན་རྫས་སོས་པའི་འགྲན་རྩོད་ནུས་པ་ཇེ་ཆེར་ཕྱིན་པ། ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་བདེ་བླག་ངང་དྲ་རྒྱར་ཞུགས་ཐུབ་སྟེ་དེར་གཏོང་སྤྲོད་དང་ཟོག་འགྲེམས་དང་འབྲེལ་མཐུད་ཀྱི་མ་ལག་ཡོད་པ་མ་ཟད། ད་དུང་དེས་ཐད་ཀར་ཐོན་སྐྱེད་བྱེད་མཁན་དང་། མཁོ་འདོན་ཚོང་པ། ཉོ་མཁན་བཅས་འབྲེལ་མཐུད་བྱས་ཏེ་ལོ་སིའི་རྒྱལ་ཁབ་ཕྱི་ནང་ཕན་ཚུན་འབྲེལ་མཐུད་བྱེད་པའི་ཟམ་པ་གསར་པ་བསྐྲུན་པས། ཚོང་དོན་དང་མ་འཇོག་བྱེད་ཚད་མང་དུ་འགྲོ་བར་སྐུལ་ཁྲིད་ཐུབ་ནས་ལས་ཞུགས་ལས་གནས་དེ་བས་མང་པོ་བཏོད་ཡོད།

    ཟླ་11ཚེས་29ཉིན། དོས་སྒམ་ཏུན་1000བླུགས་པའི་དུས་གཏན་མེ་འཁོར་ཞིག་ཀྲུང་ལོའི་ལྕགས་ལམ་གྱི་ཝན་ཐེན་གྱི་འབབ་ཚུགས་ལྷོ་མ་ནས་ཧོ་ནན་ཀྲེང་ཀྲོའུ་རུ་ཐོན་གྲབས་ཡོད་ཅིང་། འདི་ནི་ལོ་སི་ནས་ཀྲུང་གོར་ཤིང་འབྲས་མུའུ་ཧྲུའི་ཕྱེ་མ་སྐྱེལ་འདྲེན་བྱེད་མཁན་མེ་འཁོར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།