དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅོར་ཏན་གྱི་ཁ་ཆེ་ཤ་སྐམ་གྱི་ཞིང་ར་དང་པོར་འབྲས་བུ་བསྡུ་བའི་དུས་ཚིགས་འཆར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-03

    པར་འདི་གཉིས་ནི་ཅོར་ཏན་གྱི་རྒྱལ་ས་ཨན་མན་བྱང་རྒྱུད་ཀྱི་མ་ཧྥུ་ལ་ཁེ་ཞིང་ཆེན་གྱི་ཁ་ཆེ་ཤ་སྐམ་གྱི་ཞིང་ར་དང་པོར་ཁ་ཆེ་ཤ་སྐམ་འཐུ་བའི་དུས་ཚིགས་འཆར་ཞིང་། ཞིང་པས་ཁ་ཆེ་ཤ་སྐམ་འཐུ་བཞིན་པ། (འདི་ག་ཚགས་པར་གྱི་འཛམ་གླིང་དབུས་ཤར་ལྟེ་བའི་ཡན་ལག་ཁང་གི་ནཱ་ཏར·ཏ་ཨུ་ཏེས་པར་བརྒྱབ)

    ཁ་ཆེ་ཤ་སྐམ་ནི་གནའ་སྔ་མོ་ནས་བཟུང་བསུང་རྫས་དང་། སྨན་རྫས། ཚོས་རྫས་བཅས་རྩ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ད་ཕན་ལོ་ཤས་རིང་། ཅོར་ཏན་སྲིད་གཞུང་གིས་ཁ་ཆེ་ཤ་སྐམ་གྱི་ཆེད་དོན་འཆར་གཞི་བཟོས་ནས་ས་གནས་མང་པོའི་ཞིང་དུད་ལ་ཁ་ཆེ་ཤ་སྐམ་གྱི་ཟླུམ་སྡོང་བགོས་པ་དང་འབྲེལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་ཡང་བྱས་པ་རེད། 2024ལོར་ཅོར་ཏན་སྲིད་གཞུང་གིས་ཁ་ཆེ་ཤ་སྐམ་དུས་ཆེན་སྐབས་དང་པོ་གཉེར་ནས་ཞིང་དུད་དང་ཚོང་པ་མང་པོ་ཁ་ཆེ་ཤ་སྐམ་ཐོན་ལས་འཁོར་འབྲེལ་གྱི་གསར་སྤེལ་ལ་ཞུགས་པར་སྐུལ་མ་བཏང་ཞིང་། ཉེ་དུས་ཅོར་ཏན་གྱི་ཁ་ཆེ་ཤ་སྐམ་བསྡུ་བའི་དུས་ཚིགས་འཆར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།