དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་11པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་གྱི་སྟོན་གྲངས་49.2%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-03

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་དང་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་11ཚེས་30ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་11པར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་གྱི་སྟོན་གྲངས(PMI)49.2%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་བ་མ་ཟད། རྣམ་གྲངས་ཕྱེ་བའི་སྟོན་གྲངས་མང་ཆེ་བ་ཟླ་བ་གོང་མ་དང་བསྡུར་ན་ཅུང་འཕར་བ་དང་འཕེལ་ཕྱོགས་ལེགས་སུ་ཕྱིན་ཡོད་པ་རེད།

    རྣམ་གྲངས་ཕྱེ་བའི་སྟོན་གྲངས་ནང་། ཕྱིར་གཏོང་མངགས་ཐོ་གསར་པའི་སྟོན་གྲངས་47.6%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.7འཕར་ཞིང་། འཕར་ཚད་ཅུང་མངོན་གསལ་དོད་པོ་ཡོད། དེའི་ཁྲོད་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་མངགས་ཐོ་གསར་པའི་སྟོན་གྲངས་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་3ལྷག་ཙམ་འཕར་བ་དང་། འཛད་ཟོག་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་མངགས་ཐོ་གསར་པའི་སྟོན་གྲངས་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་2ལྷག་ཙམ་འཕར་ཡོད། ཕྱིར་གཏོང་བྱེད་ཚད་བརྟན་པོ་ཡོད་པས་དེས་བཟོ་སྐྲུན་ལས་རིགས་ཀྱི་ཁྲོམ་རའི་སྤྱིའི་དགོས་མཁོ་ཅུང་ཟད་སླར་གསོ་ཡོང་བར་སྐུལ་ཁྲིད་ཐུབ་ཅིང་། མངགས་ཐོ་གསར་པའི་སྟོན་གྲངས་49.2%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.4འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།