དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་གྲུ་གཟིངས་ཀྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་500སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-03

    ཟླ་11ཚེས་29ཉིན་བར། ནུབ་རྒྱུད་སྐམ་མཚོའི་གྲུ་ལམ་གསར་པའི་དུས་གཏན་གྲུ་གཟིངས་ཀྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་500ལྷག་ཙམ་སྐྱེལ་འདྲེན་བྱས་ཏེ་ཚད་ལྡན་དོས་སྒམ་ཁྲི་500.3ཟིན་ཡོད། དེའི་ནང་ད་ལོ་ཚུན་དུ་ཚད་ལྡན་དོས་སྒམ་ཁྲི་130ལྷག་ཙམ་སྐྱེལ་འདྲེན་བྱས་ཏེ་ཚད་ལྡན་དོས་སྒམ་ཁྲི་130.8ཟིན་ནས་དུས་མཚུངས་ལས་55.3%འཕར་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུབ་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་སྐམ་མཚོའི་གྲུ་ལམ་གསར་པའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་6115ཟིན་ནས་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་བརྒྱ་ཆའི་གྲངས་3.4འཕར་བར་སྣེ་ཁྲིད་ཐུབ་ཡོད། འདི་ནི་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁར་གྲུ་གཟིངས་ཤིག་ནས་ཚད་ལྡན་དོས་སྒམ་འབེབས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།