ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཁྲི་12ལྷག་ཙམ་བཏང་བ།
གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11ཚེས་28ཉིན་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཁྲི་12ལྷག་ཙམ་བཏང་བ་དང་། སྐྱེལ་འདྲེན་དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་4900ལས་བརྒལ་བ། མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་ཚད་སྤྱིའི་ཆ་ནས་དོ་སྙོམས་བྱུང་བ། ཕྱོགས་བསྡུས་ལྗིད་སྒམ་ཡིན་ཚད་སྤྱིའི་ཆ་ནས་100%རུ་བརྟན་པོར་གནས་ཡོད།
སྐྱེལ་འདྲེན་འགྲོ་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཞིང་། མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་128ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་གི་ཡོད་པ་དེ་དག་ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་232དང་། དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་པ་དང་། ཞབས་ཞུའི་ཁྱབ་ཁོངས་གཞི་རྩའི་ཆ་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མངའ་ཁོངས་ཡོངས་ལ་ཁྱབ་ཡོད།
དངོས་ཟོག་གི་རིགས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་གི་རིགས་53དང་ཚོང་ཟོག་སྣ་ཁ་ཁྲི་5ལྷག་ཙམ་བར་མང་དུ་བཏང་བ་དེའི་ནང་རླངས་འཁོར་དང་རླངས་འཁོར་གྱི་ལྷུ་ལག་དང་། འཕྲུལ་འཁོར་གྱི་སྒྲིག་ཆས། གློག་རྡུལ་གློག་ལས་སོགས་ཟུར་སྣོན་རིན་ཐང་མཐོ་བའི་དངོས་ཟོག་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཕྱིར་གཏོང་བྱེད་པའི་ཟོག་ཁུངས་གཙོ་བོར་གྱུར་ཡོད།
འགག་སྒོའི་ནུས་པ་མངོན་གསལ་དོད་དུ་ཕྱིན་ཞིང་། ཨ་ལ་ཧྲན་ཁོའུ་དང་། ཧོར་གོ་སི། ཨེར་ལན་ཧའོ་ཐེ། མན་ཀྲོའུ་ལི། སུའེ་ཧྥེན་གཙང་པོ། ཐུང་ཅང་གཙང་པོ་བཅས་འགག་སྒོ་ཆེན་པོ་དྲུག་ཏུ་ཉིན་རེར་མེ་འཁོར་བརྗེ་ལེན་བྱེད་ཚད་ཐེངས་གྲངས་184ཟིན་པ་དང་། འགག་སྒོ་སྒྲོལ་བའི་དུས་ཚོད་ཉིན་ཕྱེད་ཙམ་འགོར་བ་ནས་སྐར་མ་30ནང་ཚུན་དུ་ཐུང་དུ་ཕྱིན་པ་དང་མགྱོགས་ཤོས་སུ་སྐར་མ་ཁ་ཤས་ལས་འགོར་གྱི་མེད།
ཟོག་ཁུངས་བཀོད་སྒྲིག་དེ་བས་ནུས་ཆེར་གྱུར་ཞིང་། རྒྱལ་ནང་དུ་ཤིས་ཨན་དང་། ཁྲེང་ཏུའུ་ནས་ཁྲུང་ཆིང་བར། ཀྲེང་ཀྲོའུ། ཅིན་ཧྭ(དབྱི་ཝུའུ)སོགས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་གཅིག་སྡུད་ལྟེ་གནས་14ཆགས་ཏེ་ཀྲུང་ཡོའི་དུས་གཏན་མེ་འཁོར“གནས་ནས་གནས་བར”ནས“ལྟེ་བ་ནས་ལྟེ་བའི་བར”དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་བཏང་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གཅིག་སྡུད་ལྟེ་གནས་14ནས་བཏང་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་87%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།