དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་ལོ་མི་སྤྱོད་ཚན་པ་1000གི་བུ་བཅོལ་ཞབས་ཞུ་སྒྲུབ་གཉེར་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-03

    ཉེ་དུས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྡ་ཐོ་བཀྲམ་ནས་མི་སྤྱོད་ཚན་པའི་བུ་བཅོལ་ཞབས་ཞུ་སྒྲུབ་གཉེར་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་སྤེལ་ཞིང་། 2025ལོར་ཆ་རྐྱེན་དང་མཐུན་པའི་མི་སྤྱོད་ཚན་པ་1000གི་བུ་བཅོལ་ཞབས་ཞུ་སྒྲུབ་གཉེར་གྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ནས་བཟོ་ཚོགས་ཀྱི་བུ་བཅོལ་ཞབས་ཞུ་སྒྲུབ་གཉེར་གྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་རེད། ཆ་རྐྱེན་དང་མཐུན་པའི་མི་སྤྱོད་ཚན་པའི་བུ་བཅོལ་ཞབས་ཞུ་སྒྲུབ་གཉེར་གྱི་རྣམ་གྲངས་གྲས་སུ་2025ལོ་ནས་བཟུང་མི་སྤྱོད་ཚན་པས་གསར་དུ་བཙུགས་པའི་བུ་བཅོལ་ཞབས་ཞུའི་སྒྲིག་གཞི་དང་། “བཅོལ་གསོ་གཞི་གཅིག་ཅན”གྱི་སྒྱུར་བཀོད་ལག་ལེན་བསྟར་བའམ་ཡང་ན་བུ་བཅོལ་ཞབས་ཞུའི་སྒྲིག་གཞི་རིམ་སྤོར་རྒྱ་སྐྱེད་བཏང་བ། དེ་བཞིན་ཚན་པ་དེ་གའི་ལས་བཟོའི་བུ་ཕྲུག་ལ་གཙོ་གནད་ཐོག་ཞབས་འདེགས་ཞུ་བའི་རྣམ་གྲངས་ཚུད་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་ཀའི་བྱེད་ཐབས་ནུས་ལྡན་མང་པོ་བཏོན་ཏེ། རིམ་ཁག་བཟོ་ཚོགས་ཀྱིས་རང་འགུལ་ངང་མི་སྤྱོད་ཚན་པའི་བུ་བཅོལ་ཞབས་ཞུ་སྒྲུབ་གཉེར་དེ་སྲིད་གཞུང་གི་བུ་བཅོལ་ཞབས་ཞུའི་ལས་དོན་གྱི་འཆར་གཞི་ཆེན་པོར་འཇུག་པར་སྐུལ་འདེད་བཏང་ནས། སྲིད་གཞུང་གིས་སྐུལ་འདེད་དང་། བཟོ་ཚོགས་ཀྱིས་སྐུལ་འདེད། མི་སྤྱོད་ཚན་པས་དོན་འཁྱོལ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ཕྱོགས་བཞི་མཉམ་འགུལ་ལམ་སྲོལ་འཛུགས་དགོས་པ་དང་། ཀུན་ཕན་བུ་བཅོལ་ཞབས་ཞུ་དེ་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོའི་ཕན་བདེའི་མ་ལག་ནང་འཇུག་པར་སྐུལ་འདེད་བཏང་བ་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆེད་དོན་ཁ་གསབ་བཙུགས་ནས་ཚན་པ་ཁག་གི་ཆ་རྐྱེན་དང་མཐུན་པའི་རྣམ་གྲངས་ལ་སྒོར་ཁྲི་1གི་ཁ་གསབ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།