དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་གིས་བྱེ་འགོག་བྱེ་བཅོས་ལ་ཁྲིམས་ལྟར་སྐུལ་འདེད་བཏང་ནས་བྱང་ཕྱོགས་མཐའ་མཚམས་ཀྱི་ལྗང་མདོག་ལྕགས་རི་རིང་པོ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-03

    ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་27ཉིན། ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པར《ནང་སོག་རང་སྐྱོང་ལྗོངས་ཀྱི་བྱེ་འགོག་བྱེ་བཅོས་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ཁྲིམས་བཙུགས་པ་བརྒྱུད་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

    སྲོལ་ཡིག་ནང་ཁ་གསལ་བཏོན་དོན། བྱེ་འགྱུར་ས་ཆ་གནས་སའི་ས་ཁུལ་གྱི་ཆི་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ། སྲིད་གཞུང་སྲིད་འཛིན་འགོ་ཁྲིད་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་འཁུར་ཡུན་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་ལམ་ལུགས་ལག་བསྟར་བྱས་ནས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྒྲུབ་ཚུལ་སྙན་ཞུ་འབུལ་དགོས།

    བྱེ་འགོག་བྱེ་བཅོས་ཀྱི་འཆར་འགོད་ཐད་སྲོལ་ཡིག་ནང་བླང་བྱ་བཏོན་དོན། བྱེ་འགོག་བྱེ་བཅོས་ཀྱི་འཆར་འགོད་བཟོ་སྐབས་བྱེ་འགྱུར་ས་ཆ་གནས་སའི་ས་ཁམས་ཆགས་ཚུལ་དང་། ས་ཆའི་རིགས། སྔོ་ཁེབས་ཀྱི་གནས་ཚུལ། གནམ་གཤིས་དང་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ། ས་ཆ་བྱེ་འགྱུར་ཚད་གཞི་སོགས་རང་བྱུང་ཆ་རྐྱེན་དང་དེ་ལས་ཐོན་པའི་སྐྱེ་ཁམས་དང་དཔལ་འབྱོར་གྱི་བྱེད་ནུས་ལ་བརྟེན་ནས་བྱེ་འགྱུར་ས་ཆར་རིགས་ཕྱེ་ནས་སྲུང་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། ལུགས་མཐུན་བེད་སྤྱོད་བཅས་བྱེད་དགོས།

    གཞན་ཡང་། སྲོལ་ཡིག་ནང་ད་དུང་བླང་བྱ་བཏོན་དོན། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་སྐབས་གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི“ཆུ་གུག་རྟ་རྨིག་མའི”འགག་སྒྲོལ་དམག་འཐབ་དང་། ཧོར་ཆིན་དང་ཧུན་ཧྲན་ཏ་ཁེའི་བྱེ་ས་རྩ་བཅོས་དམག་འཐབ། རྨ་ནུབ་བར་ཁྱམས་ཀྱི་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་མཚམས་འགོག་རྒོལ་དམག་འཐབ་བཅས་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།