དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སློབ་གསོ་ཁོངས་གཏོགས་ཀྱིས།

    “འགན་ལེན་གསུམ”གྱི་དངོས་ཟོག་གི་རིན་གོང་ལ་འདྲི་རྩད་དང་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-03

    འདི་ནི་ལྷུན་གྲུབ་རྫོང་སློབ་གསོ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པས་ལྷ་སའི་ཞིང་ཟོག་ཁྲོམ་ར་ཞིག་ཏུ་བརྟག་ཞིབ་བྱེད་བཞིན་པ།

    འགན་ལེན་གསུམ”གྱི་སྲིད་ཇུས་ནི་བོད་ཀྱི་སློབ་གསོ་དམངས་ཕན་གྱི་ལྟེ་བའི་བྱེད་ཐབས་ཤིག་ཡིན་ཞིང་། དེ་སློབ་མའི་འཚར་ལོངས་ཀྱི་བདེ་རྩ་དང་སློབ་གསོ་དྲང་གཞག་དོན་འཁྱོལ་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། སློབ་མའི་འཚོ་བའི་དངོས་ཟོག་གི་རིན་གོང་འཕར་ཆག་ཁོང་དུ་གནད་སྨིན་ཆུད་པར་བྱེད་པ་དང་ལྷུན་གྲུབ་རྫོང་གི་སློབ་གྲྭ་ཁག་གི“འགན་ལེན་གསུམ”དང་འཚོ་བཅུད་ལེགས་གཏོང་གི་དངོས་ཟོག་གི་རིན་གོང་འགན་སྲུང་ལས་དོན་ལེགས་པར་བསྒྲུབ་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་ཆེད་དོན་རིན་གོང་འདྲི་རྩད་ཚོགས་ཆུང་བཙུགས་པ་མ་ཟད། ལྷ་སར་བསྐྱོད་དེ་ས་གནས་ས་ཐོག་ཏུ་རིན་གོང་འདྲི་རྩད་དང་བརྟག་ཞིབ་བྱས་པ་རེད།

    རིན་གོང་འདྲི་རྩད་ཚོགས་ཆུང་དེ་ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ལས་དོན་པ། སློབ་གྲྭ་ཁག་གཅིག་གི་སྤྱི་གཉེར་འགན་འཁུར་བ་བཅས་ལས་གྲུབ་པ་དང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོའི་ཞིང་ཟོག་སྡེབ་ཚོང་ཁྲོམ་ར་དང་ལྷ་ས་དུང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རར་བསྐྱོད་དེ། སློབ་མའི་འཚོ་བའི་དངོས་ཟོག་འཚོང་མཁན་ལ་འདྲི་རྩད་དང་རིན་གོང་བསྡུར་བ་བྱས་པ་རེད།

    ད་ཐེངས་ཀྱི་རིན་གོང་འདྲི་རྩད་དང་བརྟག་ཞིབ་བྱས་པ་ལས་དངོས་ཟོག་ཁག་གི་ཁྲོམ་རའི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་པ་མ་ཟད། དངོས་ཟོག་གི་ཚད་གཞི་དང་མཐུན་པའི་རང་བཞིན་དང་། མཛོད་ཉར་ཆ་རྐྱེན་ཚད་ལོན་ཚུལ། ཐོན་སྐྱེད་བརྒྱུད་རིམ་གྱི་ལུགས་མཐུན་རང་བཞིན་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཡང་བྱས་པ་རེད། སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི“འགན་ལེན་གསུམ”དང་འཚོ་བཅུད་ལེགས་སུ་གཏོང་བའི་དངོས་ཟོག་འགན་སྲུང་ལས་དོན་གྱི་འགན་འཁྲི་ཧ་ཅང་ལྕི་ཞིང་། དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།