ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱིས་གཞི་རིམ་ལ་ཕན་པ་འདོགས་པའི་བྱེད་སྒོ་རང་ལྗོངས་ཀྱི་མཐའ་མཚམས་རྫོང་6ཏུ་སྤེལ་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རང་སྐྱོང་ལྗོངས་གསོ་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་གཉེར་འགན་འཁུར་བའི་ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱིས་གཞི་རིམ་ལ་ཕན་པ་འདོགས་པའི་བྱེད་སྒོ་རང་ལྗོངས་སུ་སྤེལ་ཞིང་། བྱེད་སྒོ་ཉིན་20ལྷག་ཙམ་སྤེལ་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སོགས་མཐའ་མཚམས་རྫོང་6ལ་བསྐྱོད་ཡོད།
སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱེལ་བ་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་དོན་འཁྱོལ་ལ་རམ་འདེགས་བྱེད་ཆེད། ད་ཐེངས་ཀྱི་བྱེད་སྒོར་ས་གནས་དེ་གའི་རྐང་འཛིན་སྨན་པ་དཀའ་བཅུ་པ་དང་བོད་སྐྱོར་རིགས་གཅིག་མཁས་ཅན་ལས་གྲུབ་པའི་རིག་ཚན་མང་པོའི་ཚོགས་པ་སྒྲིག་འཛུགས་བྱས་པ་དང་། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། རྩལ་ནུས་གསོ་སྦྱོང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ། ས་གནས་ས་ཐོག་ཏུ་དཔྱད་ཞིབ་བཅས་ཟུང་དུ་འབྲེལ་བའི་སློབ་ཁྲིད་བྱེད་སྟངས་སྤྱད་པ། རྒྱུན་ཐོན་ནད་གཞི་དང་ནད་གཞི་ཚབས་ཆེན་དང་ལྕི་རིགས་ལ་བརྟག་དཔྱད་སྨན་བཅོས་བྱེད་པར་དམ་པོར་དམིགས་ཤིང་། ནད་དཔེ་གསལ་འགྲེལ་དང་སློབ་ཁྲིད་ནན་ཏན་བྱས་པ་བརྒྱུད། གཞི་རིམ་སྨན་བཅོས་སྒྲིག་གཞིའི་བྱིས་པའི་ཉེན་ཚབས་ཆེ་བའི་ནད་གཞིར་སྨན་བཅོས་དང་ཕྲུ་གུ་དམར་འབྱར་གྱི་དྲན་པ་གསོ་ཐབས་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་ཚད་མཐོ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།