དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་སའི་གོས་ཐང་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-03

    ཉེ་ཆར། ལྷ་སའི་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་ལྟེ་གནས་ཀྱིས་ལྷ་སའི་བར་སྐོར་ཁྲོམ་གཞུང་གི་བཤད་སྒྲ་སྒོ་ར་ཆེན་མོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་སའི་གོས་ཐང་འགྲེམས་སྟོན་བྱས་པ་རེད། “རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ཁ་གསབ་རྣམ་གྲངས”ཀྱི་གཙོ་གནད་ལག་བསྟར་བྱེད་སྒོ་ཡིན་པའི་ངོས་ནས་ད་རེས་ཀྱི་འགྲེམས་སྟོན་ཐོག་ལྷ་སའི་གོས་ཐང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་དང་། གསོན་ཉམས་ཅན་གྱི་རྒྱུན་འཛིན། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཅས་ཐད་ཐོབ་པའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་ཐོག་སྲོལ་རྒྱུན་གྱི་གོས་ཐང་50ལྷག་ཙམ་འགྲེམས་སྟོན་བྱས་པ་དང་རིག་གནས་བསམ་བཀོད་བརྩམས་ཆོས་20ལྷག་ཙམ་གསར་གཏོད་བྱས་ཡོད། འགྲེམས་སྟོན་ལ་ཞུགས་མཁན་གྱི་གྲས་སུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་1དང་། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་2 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་2 དེ་བཞིན་ལྷ་སའི་གོས་ཐང་སྦྱོང་མཁན་གྱི་དགེ་ཕྲུག་12བཅས་ཚུད་ཡོད་པ་དེ་དག་གིས་རྒྱུན་འཛིན་པ་རྒན་དར་གཞོན་གསུམ་གྱིས་ལག་ཤེས་བརྟན་སྲུང་དང་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་དང་གསར་གཏོད་བྱས་པ་མངོན་ཡོད། ད་རེས་ཀྱི་འགྲེམས་སྟོན་ཐོག་སྤེལ་རེས་མྱོང་རོལ་ཁུལ་ཆེད་མངགས་བཙུགས་ནས་ལྟད་མོ་བས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།