ཟ་ཡུལ་སྒང་གཡུ་མཚོར་རྐང་ཐང་དུ་བསྐྱོད་དེ་སྤྲོ་གསེང་ལ་རོལ་བ།

ཉིང་ཁྲི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་60ཙམ་ཡོད་པའི་སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་ཤང་ཟ་ཡུལ་གྲོང་ཚོར། ཤེས་མཁན་དེ་ཙམ་མང་པོ་མེད་པའི་དབེན་བའི་སྦས་ལུང་སྟེ། ཟ་ཡུལ་སྒང་གཡུ་མཚོ་གནས་ཡོད་པ་རེད། ཟ་ཡུལ་སྒང་གཡུ་མཚོ་དེ་ཉིད་ཟ་ཡུལ་གྲོང་ཚོའི་རྒྱབ་རིའི་འདབས་སུ་གནས་ཤིང་། ས་བབ་སྨི་3950ཙམ་ཟིན་པ་དང་། དེ་ནི་གངས་འཁྱགས་བཞུ་བའི་ཆུ་འདུས་ནས་ཆགས་པའི་མཚོ་ཞིག་རེད། གནམ་འཐིབ་པའི་སྐབས་སུ། མཚོ་ངོས་ཀྱི་ཚོན་མདོག་ལྗང་ནག་ཡིན་པ་དང་། ཉི་མའི་འོད་ཟེར་མཚོ་མོའི་ངོས་སུ་འཕྲོ་སྐབས་བཻཌཱུརྱ་ཡི་མདོག་ལྟར་ཤིན་ཏུ་སྔོ་བས་ཧ་ཅང་མཛེས། མཚོའི་མཐའ་འཁོར་དུ་གངས་རི་དང་། འབྲོག་ར། ནགས་ཚལ། འདམ་ར་སོགས་ཀྱི་རང་བྱུང་ཡུལ་ལྗོངས་མང་པོ་ཡོད་པས། དེ་ནི་གཟའ་མཇུག་ཏུ་རྐང་ཐང་སྤྲོ་གསེང་དང་རང་བྱུང་ཁམས་དང་ཉེ་བཅར་བྱ་ཡུལ་ཡག་ཤོས་ཤིག་ཡིན་ཞིང་། འདི་ནི་ཡུལ་སྐོར་བས་ཟ་ཡུལ་སྒང་གཡུ་མཚོའི་འགྲམ་དུ་རྐང་ཐང་མར་ཡུལ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།