དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་བ་དང་པོ་ནས་བཅུ་པའི་བར་རང་ལྗོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་893.17ཟིན་ནས།

    དུས་མཚུངས་ལས་4.3%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-03

    ཉེ་ཆར། གསར་འགོད་པར་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་བཅུ་པའི་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་893.17ཟིན་ནས་དུས་མཚུངས་ལས་4.3%འཕར་ཡོད། དེའི་ནང་ཟླ་10པར་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་124.7ཟིན་ནས་དུས་མཚུངས་ལས་3.4%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་0.5ཡིས་མཐོ་བ་ཡོད་པ་རེད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས་རང་ལྗོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས། 2025ལོ་ཚུན། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཛད་སྤྱོད་སྐུལ་སྤེལ་དང་། ཕུད་འགྲེམ་དཔལ་འབྱོར། དྲ་ཐོག་ཚོང་དོན། མཚན་མོའི་དཔལ་འབྱོར། བཟའ་བཏུང་འཕེལ་རྒྱས་བཅས་རྒྱབ་སྐྱོར་སྲིད་ཇུས་ཁག་ལྔ་བཏོན་པ་མ་ཟད། ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་43ཞིབ་ཚགས་སུ་བཏང་ཡོད།

    དེ་དང་ཆབས་ཅིག“ཁེ་ལས་ཀྱིས་རེ་ཞུ་དང་། སྡེ་ཚན་གྱིས་དཔྱད་ཞིབ། སྟབས་བསྟུན་ལྟ་འདོམས”བཅས་ཀྱི་ལམ་སྲོལ་བཙུགས་ནས། གསར་དུ་བསྣན་པའི་བཅད་གྲངས་བསྡོམས་རྩིས་ཚད་གཞིར་སླེབས་པའི་ཁེ་ལས་ཀྱི་བྱ་དགའི་དངུལ་ནོར་སྲིད་སྔོན་རྩིས་ནང་བཅུག་པ་དང་། གསར་དུ་བསྣན་པའི་བཅད་གྲངས་ཡན་གྱི་ཚོང་དོན་ཚན་པ་311ཟིན་པ་དེ་དུས་མཚུངས་ལས་125.4%འཕར་ཡོད། ཟླ་10པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་སྣ་ཚོགས་ནང་ཞུགས་པའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་7500ཙམ་ཟིན་པ་དེ་དུས་མཚུངས་ལས་18.6%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།