དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མི་ཡི་ནང་མིའི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-03

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མི་ཡི་ནང་མིའི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ལེན་ཞའོ་མིན་གྱིས་ཤིས་ཚིག་བསྒྲོན་པ་རེད།

    བསོད་ནམས་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཝུན་ཀེ་དང་། ཞུས་ཀྲི་ཐའོ། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཕྱིར་སྡོད་རང་མིའི་ལས་དོན་དང་མང་ཚོགས་ཚོགས་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།ཕྱིར་སྡོད་རང་མིའི་ལས་དོན་དེ་ལས་དོན་ཧྲིལ་པོའི་ནང་བཅུག་ནས་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཕྱིར་སྡོད་རང་མིའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་བསྲིང་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན་། མང་ཚོགས་རང་བཞིན་བཅས་མངོན་གསལ་དོད་པོས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ་དང་། ཏང་གིས་ཕྱིར་སྡོད་རང་མིའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་རྒྱུར་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕྱིར་སྡོད་རང་མིའི་སེམས་པ་གཅིག་ཏུ་སྒྲིལ་བ་དང་། ཕྱིར་སྡོད་རང་མིའི་བློ་གྲོས་གཅིག་ཏུ་བསྡུ་བ། ཕྱིར་སྡོད་རང་མིའི་སྟོབས་ཤུགས་འདོན་པ། ཕྱིར་སྡོད་རང་མིའི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐུན་འབྲེལ་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ། ལྷན་ཚོགས་ནན་སྐྱོང་མཐའ་འཁྱོངས་བཅས་བྱས་ཏེ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འདི་ཉིད་མཐུན་སྒྲིལ་གྱི་ཁྱིམ་ཚང་དང་། འབད་འཐབ་ཀྱི་ཁྱིམ་ཚང་། དྲོ་སྐྱིད་ཀྱི་ཁྱིམ་ཚང་བཅས་སུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ལེན་ཞའོ་མིན་གྱིས་ཤིས་ཚིག་ནང་རང་སྐྱོང་ལྗོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་བོད་ཀྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་བློར་བརྟེན་ནས་བླ་སྲོག་གཏོད་པ་དང་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་མཁན་དང“སྲུང་སྐྱོང་གཉིས”ཀྱི་དཔེ་སྟོན་སྣེ་ཁྲིད་མཁན་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ནས་འཕེལ་རྒྱས་དོན་གཉེར་གྱིས་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་དམིགས་བསལ་ཁྱད་ཆོས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བར་དམིགས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་ཆ་ཆེ་ཤོས་ཡག་པོ་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོའི་ཁྲོད་དུ་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ། རྩ་འཛུགས་འཛུགས་སྐྱོང་ལ་དམིགས་ནས་ནུས་པ་ཆེར་གཏོང་གིས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་རྩ་འཛུགས་འཁྲུག་ཆ་དོད་དུ་གཏོང་བ་དང་། “གཙོ་ཤུགས་དམག”དང་། “སྙིང་ཉེ་བ” “ལས་སྒྲུབ་པ”བཅས་ཀྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དཔུང་ཁག་འཛུགས་སྐྱོང་མཐའ་འཁྱོངས་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད། ཁོང་གིས། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་རྒྱུན་བཞིན་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་རྒྱ་ཁྱབ་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་སྔར་བས་མང་བ་བོད་དུ་རྟོག་ཞིབ་སྤེལ་རེས་དང་མ་འཇོག་ལས་གཏོད་ལ་ཡོང་རྒྱུའི་ཡིད་དབང་བཀུག་སྟེ་བོད་ཀྱིས་དུས་རབས་གསར་པའི་ས་མཐོའི་ཉམས་འགྱུར་མངོན་པ་དང་གངས་ལྗོངས་གནས་མཆོག་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་མུ་མཐུད་གཏོད་རྒྱུར་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ལས་དོན་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ་དང་རང་སྐྱོང་ལྗོངས་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།