“གཙོ་གནད་གཉིས”ཀྱི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།
གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ན་ནིང་ནས་བཟུང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་དང་མཉམ་དུ་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་གི་ངོ་བོའི་བླང་བྱ་མངོན་གསལ་དོད་པོར་བཞག་སྟེ། གོང་ནས་འོག་བར་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་དང་། མཉེན་ཆས་དང་མཁྲེགས་ཆས་ཟུང་འབྲེལ་ལ་མཐོང་ཆེན་བྱས་པས“གཙོ་གནད་གཉིས”ཀྱི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་ཡོད། ན་ནིང་དང་ད་ལོར་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་7000དང་དུང་ཕྱུར་8000ཁག་སོ་སོར་བཀོད་སྒྲིག་བྱས་ནས“མ་འཇོག་བྱེད་དགོས་ངེས”ཀྱི་རྣམ་གྲངས་1465དང་1459ཡི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་ཆབས་ཅིག འཆར་འགོད་བཟོ་བ་དང་། སྲིད་ཇུས་གཏན་འབེབས། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། “མཉེན་གཤིས་འཛུགས་སྐྲུན”གྱི་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ཡོད།
ཁྱབ་ཁོངས་ཕྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ཐད། སོལ་རླངས་དང་། ཆུ་མཁོ་འདོན་དང་ཤོང་བ། དྲོད་རླངས་མཁོ་འདོན་སོགས་གྲོང་ཁྱེར་གྱི་ས་འོག་གི་མདོང་ལམ་དྲ་བ་འཛུགས་སྐྲུན་དང་སྒྱུར་བཀོད་ལ་སྐུལ་འདེད་དང་། མདོང་ལམ་དྲ་བ་འཁོར་སྐྱོད་སྲུང་སྐྱོང་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གང་མགྱོགས་བཏང་བས། གྲོང་ཁྱེར་གྱི་བདེ་འཇགས་དང་མཉེན་གཤིས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
འབྲུ་རིགས་བདེ་འཇགས་ཐད། ཨན་ཧུའེ་ཡི་ཕི་ཧྲི་ཧང་དང་། སི་ཁྲོན་གྱི་ཏུའོ་ཅང་ཡན། ནང་སོག་གི་ཧོ་ཐའོ་སོགས་མུའུ་ཁྲི་སྟོང་རིམ་པའི་ཞིང་ཆུ་འདྲེན་ཁུལ་ཆེན་པོ་དེང་རབས་ཅན་གྱི་སྒྱུར་བཀོད་གྲ་སྒྲིག་ཚགས་ཚུད་ཀྱིས་ཇུས་འགོད་ལག་ལེན་བསྟར་བས་གཅིག་སྡུད་ཡུག་འབྲེལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གང་མགྱོགས་བསྐྲུན་ཡོད།
སྤྱི་ཚོགས་དང་དམངས་འཚོའི་ཐད། མི་འབོར་མང་པོ་གཙོ་གནད་གྲོང་ཁྱེར་དུ་འོང་ནས་མཐོ་འབྲིང་ཁག་664གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ཏེ། མཐོ་འབྲིང་དཀྱུས་མའི་སློབ་གནས་ཁྲི་100ལྷག་ཙམ་མང་དུ་བཏང་བ་དང་། ནད་ཁང་1.5ཡི་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་ཡོད། “རྩེར་སོན་གཉིས”ཀྱི་མཐོ་སློབ་སློབ་ཁུལ་གསར་པ་30ལྷག་ཙམ་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ནས་མཐོ་སློབ་སློབ་མའི་ཉལ་ཁང་དཀོན་པ་སོགས་ཀྱི་ཞན་ཆ་གང་མགྱོགས་བསལ་བས་སློབ་གཉེར་གྱི་གཞི་རྩའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།