ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཏ་ཕུའུ་ཡི་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།
ཚེས་29ཉིན་གྱི་སྔ་དྲོར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་གཞུང་ལས་པ་སོགས་དང་མཉམ་དུ་སྲིད་གཞུང་གི་སྤྱི་ཁྱབ་པུའུ་རུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ནས། ཏ་ཕུའུ་ཡི་མེ་སྐྱོན་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་རེད།
ཆུ་ཚོད་8པ་ཙམ་ལ། བྱེད་སྒོ་འགོ་ཚུགས་ཤིང་། རྒྱལ་དར་སྲུང་སྐྱོང་མི་སྣ་ཚོགས་རར་ཞུགས་པ་དང་རྒྱལ་གླུ་དཀྲོལ་གཏོང་བྱས་པ་མ་ཟད། རྒྱལ་དར་དང་དེ་བཞིན་ཁུལ་གྱི་དར་ཆ་དལ་བུར་བསྒྲེངས་བ་དང་། དེ་ནས་སླར་ཡང་དར་ཆ་དལ་བུར་ཕྱེད་ཀ་ཙམ་ཕབ་པ་རེད། དེ་རྗེས་མི་སྣ་ཡོངས་ཀྱིས་སྐར་མ་3ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ས་ཡུལ་དངོས་སུ་མྱ་ངན་ཞུ་བའི་རྣམ་པ་ཧ་ཅང་སྒམ་ནན་ཡིན་པ་དང་གྲོང་མི་འབོར་ཆེན་ཞིག་རང་འགུལ་ངང་མྱ་ངན་ཞུ་བའི་བྱེད་སྒོའི་ནང་ཞུགས་པར་ཡོང་ཡོད། ཉིན་དེའི་སྔ་དྲོར། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་དང་། ཤང་ཀང་དུ་བཅའ་སྡོད་རྒྱལ་ཁབ་བདེ་འཇགས་ཀུང་ཧྲུའུ། ཤང་ཀང་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ། ཤང་ཀང་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེ་སོགས་ཀྱིས་ཀྱང་དར་ཆ་ཕྱེད་ཀ་ཕབ་པ་དང་ངག་བསྡམས་ནས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།