དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།

    ཕ་ལེ་སི་ཐན་མི་དམངས་འཐབ་རྩོད་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་མཱ་ཅི་ཏཱ་ལ་ཉིར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2025-12-02

    ཕ་ལེ་སི་ཐན་མི་དམངས་འཐབ་རྩོད་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་མཱ་ཅི་ཏཱ་ལ་ཉི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་གྱི་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ནང་དགེ་མཚན་ལྡན་པའི་ངང་ཞུགས་ཀྱི་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བདག་གི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་པ་དང་དབུས་ཤར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས་ས་ཁུལ་གྱི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་མ་ཟད། གོ་ལ་ཧྲིལ་པོའི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    མཱ་ཅི་ཏཱ་ལ་ཉི་པེ་ཅིང་དུ་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་གི་ནང་ཁུལ་བར་འདུམ་གླེང་མོལ་ལ་ཞུགས་མྱོང་ཡོད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་འཛིན་པའི་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་14ཡིས་མཉམ་དུ་མིང་རྟགས་བཀོད་པའི《པེ་ཅིང་གི་བསྒྲགས་གཏམ》ལ་དོན་སྙིང་གལ་ཆེན་ལྡན་པ་དེ་ནི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་མངོན་འགྱུར་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་རེད། “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དྲང་བདེན་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་དངོས་སུ་འགྱུར་བར་རྒྱབ་སྐྱོར་དང་ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་སོགས་རྒྱལ་སྤྱིའི་ལས་དོན་ཐད་ཉིན་བཞིན་གལ་འགངས་ཆེ་བའི་ནུས་པ་བཏོན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད”ཅེས་བརྗོད་ཅིང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“གོམ་སྟབས་གསུམ”གྱི་གྲོས་འགོ་གཞིར་བཟུང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་བཟོས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    མཱ་ཅི་ཏཱ་ལ་ཉི་ཡིས་ཀྲུང་གོར་འཚམས་འདྲིར་ཐེངས་མང་བསྐྱོད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བའི་འཕེལ་རིམ་ཁྲོད་ཀྲུང་གོར་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་དཔང་པོ་བྱས་ཡོད། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོར་ཁྱབ་ཁོངས་མང་པོ་ཞིག་ལ་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་སྟེ། དབུལ་པོ་དབུལ་རྐྱང་ནས་བདེ་བླག་ངང་བསྒྲལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཡོད་ལ། ད་ཆ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད” ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱ་རྒྱུ་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་མཱ་ཅི་ཏཱ་ལ་ཉི་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།