དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་55ཡི་རིང་ཀྲུང་ཨེ་རྒྱལ་ཁབ་གཉིས་པོས་མཉམ་དུ་རྒྱང་ལམ་གསར་པར་སྐྱོད་པ།

    ཁྲེན་ཧའེ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-02

    ད་ལོའི་ཟླ་11ཚེས་24ཉིན་ནི་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བའི་དྲན་གསོའི་ཉིན་མོ་ཡིན། ལོ་55ཡི་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ“ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླ”ནས“ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི”བར་དང་དེ་ནས“དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི”བར་ཡར་རྒྱས་བྱུང་ཞིང་། མཆོང་སྐྱོད་རེ་རེ་ནི་ཕྱོགས་གཉིས་ཀྱིས་ཐུན་མོང་གི་དོན་གཉེར་བརྟན་སྲུང་བྱས་པར་རག་ལས་པ་དང་། དེ་ཐོག་ནས་ཨ་ཧྥེ་རི་ཁར་བཅངས་པའི་ཀྲུང་གོའི་ལྷག་བསམ་ཟོལ་མེད་ཀྱི་སྲིད་ཇུས་འདུ་ཤེས་མངོན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ལ་མིག་དཔེ་བཟང་པོ་བཏོད་ཡོད།

    ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་སོང་ཞིང་། 2024ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་དངོས་གཞིའི་འཚམས་འདྲི་གནང་མཁན་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་མཇལ་འཛོམས་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་པོ་བཟོས་གནང་བ་རེད། ཨེ་ཙེ་ཨོ་ཕི་ཡ་ནི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་མཁན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་ཧུར་ཐག་འཛིན་ཡོད།

    ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་ཞིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཁྱབ་ཁོངས་མང་པོའི་སྤེལ་རེས་དང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཀྱི་100%ཡི་ཁྲལ་རིགས་ཐོན་རྫས་ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ལག་བསྟར་བྱས་ནས་ཀོག་ཧྥེ་དང་། ཨ་བུ་ཁ་ལྡོ། མེ་ཏོག་སོགས་ཨེ་ཙེ་ཨོ་ཕི་ཡའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྟབས་བདེ་བསྐྲུན་ཞིང་། ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་གྱིས་ཨེ་ཙེ་ཨོ་ཕི་ཡ་དང་ཉེ་འཁོར་རྒྱལ་ཁབ་དབར་གྱི་སྦྲེལ་མཐུད་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཨེ་ཙེ་ཨོ་ཕི་ཡའི་གནམ་ཐང་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོས་ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་ཧུར་ཐག་བཏང་བ་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་ལས་གསར་སྤེལ་བྱས་པའི་རང་བྱུང་སོལ་རླངས་རྣམ་གྲངས་སྤེལ་འགོ་ཚུགས་པ་དེས་ནང་འདྲེན་ནུས་རྒྱུའི་ཐད་ཀྱི་ཨེ་ཙེ་ཨོ་ཕི་ཡས་གཞན་བརྟེན་བྱེད་ཉུང་དུ་ཕྱིན་ནས་ནུས་རྒྱུ་གཙང་མ་སྤྱོད་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད།

    ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ཞིང་། ཨེ་ཙེ་ཨོ་ཕི་ཡར་ལོ་ངོ་3000ལྷག་གི་ཤེས་དཔལ་གྱི་ལོ་རྒྱུས་ཡོད་ཅིང་། དེ་ནི་ཨ་ཧྥེ་རི་ཁའི་ཡུལ་ལུང་གི་རྒྱལ་ཁབ་སོ་སོའི་ཡི་གེ་ཡོད་ཉུང་བའི་གྲས་ཀྱི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་རེད། ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་ཐུན་མོང་གི་བསམ་འདུན་ཡིན། ཡ་ཏི་སི་ཨ་པེ་པ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་སྐད་ཡིག་གི་འབྲེལ་ཟམ་བཙུགས་ཏེ་ལུའུ་པན་བཟོ་ཁང་ལ་རྒྱ་ཡིག་དང་རྩལ་ནུས་ཤེས་པའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད་ལ། “ལྟ་ཉན་ཀྲུང་གོ·ཨེ་ཙེ་ཨོ་ཕི་ཡར་སྐྱོད”ཅེས་པའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་འགྲེམས་སྟོན་བྱེད་སྒོར་རིག་གནས་ཐད་སེམས་པ་གཅིག་མཐུན་བྱུང་ཡོད། དུས་ཐུང་གི་གསོ་སྦྱོང་དང་སློབ་རྒྱུས་སློབ་གནས་རྣམ་གྲངས་དེ་ཨེ་ཙེ་ཨོ་ཕི་ཡའི་དོན་དངོས་ཀྱི་དགོས་མཁོ་དང་མཐུན་པ་དང་། ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་དཔུང་སྡེའི་སྨན་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཨེ་ཙེ་ཨོ་ཕི་ཡར་ལོ་མང་རིང་འོས་འགན་སྨན་བཅོས་བྱས་པའི་ཁར་ཆེད་ལས་དང་བརྩེ་སེམས་ལ་བརྟེན་ནས་ཡུལ་ལུང་དེ་གའི་དམངས་ཚོགས་ཀྱི་བདེ་ཐང་སྲུང་བཞིན་ཡོད། 2025ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་གཅེས་བཏུས་ནང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱི་ངོ་མཚར་ལེ་ཚན་ཐོག་མར་བསྟན་པས། ཨེ་ཙེ་ཨོ་ཕི་ཡའི་དམངས་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    (རྩོམ་པ་པོ་ནི་ཨེ་ཙེ་ཨོ་ཕི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།