དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་སྲིད་ཇུས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྐབས་བཅུ་བཞི་པ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-02

    ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་མཉམ་འབྲེལ་ཚོགས་འདུས(གཤམ་དུ“ཞིང་ཆེན་མཉམ་འབྲེལ་ཚོགས་འདུ”ཞེས་བསྡུ་རྒྱུ) “སྲིད་ཇུས་ཀྱིས་ཐད་ཀར་དཀའ་ངལ་སེལ་བ་དང་གནད་སྨིན་ཞབས་ཞུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས། ཟི་ལིང་གྲོང་ཁྱེར་ཏུང་ཁྲོན་གླིང་ཁུལ་དུ་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་སྲིད་ཇུས་དྲིལ་བསྒྲགས་གཟའ་འཁོར་གྱི་ས་གནས་ས་ཐོག་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྐབས་བཅུ་བཞི་པ་སྤེལ་བ་རེད།

    བཟོ་འཕྲིན་དང་། འཕེལ་སྒྱུར། མི་སྤྱི། ཁྲལ་དོན། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་12དང་དེ་བཞིན་མཚོ་སྔོན་དངུལ་ཁང་དང་། བཟོ་ཚོང་དངུལ་ཁང་། ཀྲུང་གོ་ཡིད་རྟོན་དངུལ་ཁང་། དམངས་འཚོ་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་7གྱིས་དྲིལ་བསྒྲགས་ས་ཚིགས་བཙུགས་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཁེ་ལས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་འཁེལ་བྱས་ཡོད། བྱེད་སྒོའི་ཉིན་མོར། སྡེ་ཚན་ཁག་གིས་དྲིལ་བསྒྲགས་འགྲེམས་པང་20ལྷག་ཙམ་བཙུགས་པར་རིམ་རྩིས་བརྒྱབ་ན་ཁེ་ལས་སྐོར་གྱི་བློ་འདྲི་བ་མི་ཐེངས་200ལྷག་ཙམ་དང་ལེན་བྱས་ནས་སྲིད་ཇུས་ཕྱོགས་བསྒྲིགས་ལག་དེབ་300ལྷག་ཙམ་སྤྲད་པ་རེད།

    དྲིལ་བསྒྲགས་གཟའ་འཁོར་རིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་བཟོ་ལས་གླིང་ཁུལ་གྱིས“ཁེ་ལས་སུ་བཞུགས་ནས་ཞབས་འདེགས་ཞུ་བ་དང་། ས་གནས་ས་ཐོག་ཏུ་གཞུང་ལས་བྱེད་པའི”བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱས་ནས། སྲིད་ཇུས་དྲིལ་བསྒྲགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཞིང་ཆེན་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་གི་མ་གནས་དམའ་རུ་གཏོང་བ་དང་། ཁྲལ་དངུལ་གཟིགས་སྐྱོང་། མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་སེལ་བ། སྤྱི་ཚོགས་འགན་བཅོལ་དངུལ་འཇལ་འགྱངས། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་བའི་ཆེད་དོན་བཅོས་སྒྲིག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས“སྲིད་ཇུས་ཀྱིས་ཁེ་ལས་ལ་རོགས་རམ་དང་། ཁེ་ལས་ལ་ཞབས་འདེགས་ཞུ་བའི”ལས་ཀ་བྱེད་སྟངས་མུ་མཐུད་ཟབ་ཏུ་བཏང་སྟེ། ཁེ་ལས་ལ་ཕན་པའི་ཁུར་པོ་ཡང་གཏོང་གི་སྲིད་ཇུས་ཁག་གནད་ལ་འཁེལ་པོས་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་གྱི་གྲོན་དངུལ་བསྡུ་བར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། དེ་བས་དངོས་སྒྲུབ་ཀྱི་བྱེད་ཐབས་དང་། དེ་བས་ཞིབ་ཅིང་ཕྲ་བའི་ཞབས་ཞུ། དེ་བས་ལས་ཕྱོད་ཆེ་བའི་ལས་ཀ་བཅས་ལ་བརྟེན་ཏེ་བརྩེ་བ་ཟབ་མོས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།