རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་སི་ཁྲོན་དུ་སྤེལ་རེས་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་དང་མཉམ་དུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ“རྒན་རྒོན་གྱི་སེམས་པ་ཏང་ལ་ཕྱོགས། བློ་སེམས་གཅིག་མཐུན་གྱིས་ལེའུ་གསར་རྩོམ”ཞེས་པའི་སྤེལ་རེས་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། ཁྲེང་ཏུར་ཡོད་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་རྒན་གྲས་ཁག་གཅིག་བྱེད་སྒོར་ཞུགས་ཡོད་པ་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་བློ་མཐུན་དང་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད་པའི་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མི་1000ལྷག་ཙམ་གྱིས་འཁྲབ་སྟོན་གཟིགས་པ་རེད།
ད་ཐེངས་ཀྱི་སྤེལ་རེས་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་ནི་སྒྱུ་རྩལ་གྱི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པ་ཞིག་རེད་ལ། བརྩེ་སེམས་དེ་བས་ཟབ་ཏུ་གཏོང་ཆེད་ཀྱང་རེད། རང་སྐྱོང་ལྗོངས་ལས་བྱེད་རྒན་གྲས་སྒྱུ་རྩལ་ཚོགས་པས་སི་ཁྲོན་དུ་སྤེལ་རེས་འཚམས་འདྲིའི་འཁྲབ་སྟོན་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོར་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྤུན་ཟླ་ལྟར་གྱི་བརྩེ་སེམས་ཟབ་མོ་ཡང་མངོན་ཡོད་ལ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ”ཆེད་རྒན་རྒོན་ཚོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།