ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཐད་བློས་འགེལ་ཆོག་པའི་སྟོབས་ཤུགས་ཤིག་ཡིན།

《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ་པར་ཙིར་པེ་ལུན་དུ་འཚོགས་ཤིང་། འདི་ནི་ཚོགས་ཞུགས་འཐུས་མི་ཚོགས་རར་འཛུལ་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཁྲེན་དབྱི་མིང་གིས་པར་བརྒྱབ།

པི་ཡ་ཏིའི་པར་ཙིར་གྱི་འགྲུལ་སྐྱེལ་རླངས་འཁོར་བཟོ་གྲྭའི་རླངས་འཁོར་དང་པོ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་ད་ལོའི་ཟླ་7ཚེས་1ཉིན་པར་ཙིར་གྱི་པཱ་དབྱི་ཡ་ཀྲོའུ་ཁ་མ་ས་ལི་གྲོང་ཁྱེར་དུ་འཚོགས་ཤིང་། འདི་ནི་པི་ཡ་ཏིའི་ནུས་རྒྱུ་གསར་པའི་རླངས་འཁོར་སྒྲིག་སྦྱོར་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་སུང་དབྱི་རན་གྱིས་པར་བརྒྱབ།

“ཨ་ཧྥེ་རི་ཁའི་འོད་གློག”རྣམ་གྲངས་ཀྱི་འོད་ཤུགས་གློག་འདོན་མ་ལག་གི་གློག་ཁུངས་སྒམ་ཡིན་པ། སྐྱེ་ཁམས་ཁོར་ཡུག་པུའི་ཕྱི་ཕྱོགས་མཉམ་ལས་དང་སྤེལ་རེས་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།

ཡུལ་སྐོར་བས་པར་ཙིར་པེ་ལུན་གྱི་COP30བརྗོད་དོན་གཙོ་བོའི་རྒྱན་སྤྲོས་དངོས་པོའི་འགྲམ་དུ་པར་རྒྱག་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲི་ཡོན་ཧའོ་ཡིས་པར་བརྒྱབ།

ཀུའེ་ཀྲོའུ་ཅིན་ཡོན་ཤན་ཧྲུའེ་ཝོ་ཞིང་ལས་འོད་ཤུགས་གློག་འདོན་ས་ཚིགས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐའོ་ལེང་གིས་པར་བརྒྱབ།
ད་ལོ་ནི《ཕ་རི་སིའི་གྲོས་ཆོད》བཞག་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། པར་ཙིར་པེ་ལུན་དུ་འཚོག་བཞིན་པའི《མཉམ་འབྲེལ་རྒྱལ་ཚོཌ་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོཌ་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པས(COP30)གནམ་གཤིས་ཀྱི་གྲོས་གཞི་གལ་ཆེན་མང་པོར་དམིགས་ཏེ། གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་ཐུན་མོང་གི་ཐག་གཅོད་ཇུས་གཞི་རྩད་འཚོལ་དང་། ཐཱན་འབུད་ཚད་གང་མགྱོགས་ཉུང་དུ་གཏོང་བ། གནམ་གཤིས་ཀྱི་མཉེན་ཤུགས་ཆེ་རུ་བཏང་ནས་བསྟུན་མཁས་དང་དྲང་གཞག་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད།
ལོ་10ཡི་གོང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པའི་ཐུན་མོང་སྐུལ་འདེད་འོག གོ་ལ་ཧྲིལ་པོས《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་ཆེད། ཐུན་མོང་གི་ངོས་འཛིན་ཆེ་ཤོས་གཅིག་སྡུད་བྱས་ཏེ《ཕ་རི་སིའི་གྲོས་ཆོད》བཞག་ནས་གནམ་གཤིས་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་གཅོག་ཆེད་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།
ལོ་10ཡི་གོང་དུ། གནམ་གཤིས་བྱ་སྤྱོད་ཐད་རྒྱལ་ཁབ་ཁག་གི་ཁེ་ཕན་དང་རེ་ཞུ་ཉིན་བཞིན་གཅིག་མཐུན་མེད་པའི་གནས་སྟངས་ལ་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་སྟེ། ཕ་རི་སིའི་གྲོས་ཆོད་ནི་སྤྱི་ཆིངས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་དང་། གོ་ལ་ཧྲིལ་པོའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་ལྕག མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་བྱ་སྤྱོད་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཁག་གི་རྒྱལ་བབ་ལ་ལྟ་རྟོག་བྱས་ཏེ་ཕན་འབྲས་དངོས་དོན་གཉེར་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་གསུངས་པ་རེད།
2017ལོའི་ཟླ་བ་དང་པོར། ཨ་རི《ཕ་རི་སིའི་གྲོས་ཆོད》ཀྱི་ཁོངས་མི་ནས་དོན་བཟོ་ཡོད་པའི་མདུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། 《ཕ་རི་སིའི་གྲོས་ཆོད》གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་མཐུན་པ་མ་ཟད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་མཉམ་དུ་བརྟན་སྲུང་བྱེད་པ་ལས། རང་དགར་དོར་མི་རུང་བའི་ནན་བཤད་གནང་བ་རེད།
2009ལོར་ཀྲུང་གོས་2020ལོའི་ཐཱན་འབུད་ཚད་ཉུང་དུ་གཏོང་བའི་དམིགས་ཚད་རང་འགུལ་ངང་བཏོན་པ་དང་འབྲེལ། དཀའ་སྤྱད་འབད་འཐབ་བརྒྱུད་དམ་བཅའ་དོན་དུ་འཁྱོལ་བར་བྱས་ཡོད། 《ཕ་རི་སིའི་གྲོས་ཆོད》འཇོག་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་སླར་ཡང་2015ལོའི་ཟླ་6པར་2030ལོར་ཕྱོགས་པའི་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་དམིགས་ཚད་བཏོན་ཏེ་ཀྲུང་གོས་གནམ་གཤིས་བཅོས་སྐྱོང་གི་ཕྱོགས་མང་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་ཡོད། 2020ལོར་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཉམས་ཞན་དུ་གྱུར་པའི་སྐབས་སུ། ཀྲུང་གོས“ཐཱན་གཉིས”ཀྱི་དམིཌ་ཚད་ཁྱབ་བསྒྲཌ་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ད་ལོའི་ཟླ་9པར། ཀྲུང་གོས་2035ལོའི་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་དམིགས་ཚད་ཁྱབ་བསྒྲགས་བྱས་པར། ཐཱན་ཚོད་འཛིན་ནས་བཙོག་འབུད་རྦད་དེ་ཉུང་དུ་གཏོང་བའི་མཆོང་སྐྱོད་ཐོག་མར་མངོན་འགྱུར་བྱུང་བ་དང་འབྲེལ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དཔལ་འབྱོར་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་ཡོད། དེ་ནི་ཀྲུང་གོས《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཡིན་ལ། འབྱུང་འགྱུར་ལོ་10ཡི་རིང་ཀྲུང་གོའི་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་དེ་བས་ཁ་ཕྱོགས་གསལ་སྟོན་བྱས་ཏེ“ཐཱན་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་ལ་སླར་ཡང་བཀོད་སྒྲིག་བྱས་པས། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང“ཐཱན་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།
2015ལོར་གནམ་གཤིས་འགྱུར་ལྡོག་གི་ལྷོ་ལྷོ་མཉམ་ལས་ཀྱི“བཅུ་བརྒྱ་སྟོང”གི་གྲོས་འགོ་བཏོན་ཚུན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་གི་ལྷོ་ལྷོ་མཉམ་ལས་རྣམ་གྲངས་ལ་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་1770ལྷག་ཙམ་མཁོ་འདོན་བྱས་པ་དང་འབྲེལ་སྐུལ་སློང་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད།
2024ལོའི་ལོ་མཇུག་བར། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་ནུས་པ་འཛུཌ་སྐྱོང་གི་བགྲོ་གླེང་འཛིན་གྲྭ་ཐེངས་300ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་120ལྷག་ཙམ་ལ་རིགས་གཅིག་མཁས་ཅན་མི་ཐེངས་ཁྲི་1ལྷག་ཙམ་གསོ་སྦྱོང་བྱས་པ་རེད།
《ཕ་རི་སིའི་གྲོས་ཆོད》བཞག་ཚུན་གྱི་ལོ་བཅུ་ཡི་རིང་། ཀྲུང་གོས་ཁ་དན་ཚིག་གནས་དང་དམ་བཅའ་བརྩི་སྲུང་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་བློས་འགེལ་ཆོག་པའི་འགོ་ཁྲིད་སྟོབས་ཤུགས་སུ་གྱུར་ཅིང་། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་བྱ་སྤྱོད་ཀྱི་ཁྲིད་སྟོན་བྱས་པ་མ་ཟད། དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཁེའི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་ཡོད།
(རྩོམ་པ་པོ་ནི་ཀྲུང་གོ་རྒྱལ་ཁབ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ཞིབ་འཇུག་དང་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡིན)
འབྲེལ་ཡོད་གསར་འགྱུར།