དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཟི་བརྗིད་བསྣན་པ།

    —— དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གཟི་བརྗིད་བྱ་གཞག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁྲང་ཡུས།   |     སྤེལ་དུས།  2025-12-01

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག “རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ལས་གཏོད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་བཅངས་ཏེ། ཕུགས་བསམ་གྱི་གནས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་ཞེན་ཟབ་ཏུ་གཏོང་བ། ཕྱུག་པོ་ཆགས་རྗེས་འབྱུང་རྩ་མི་བརྗེད་པ་དང་ཕྱུག་པོ་ཆགས་རྗེས་ཡར་བརྩོན་མི་བརྗེད་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ད་ལོ་ནི་ཀྲུང་གོའི་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས(གཤམ་ལ“ཀྲུང་གོ་གཟི་བརྗིད་ལྷན་ཚོགས”ཞེས་བསྡུ་རྒྱུ)བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད། ལོ་ངོ་30ཡི་རིང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་གཟི་བརྗིད་བྱ་གཞག་ནང་ཧུར་ཐག་ཞུགས་ནས། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་སྐུལ་ཁྲིད་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོའི་གཟི་བརྗིད་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ཚུན་གྱི་ལོ་ལྔ་ཙམ་རིང་། ཀྲུང་གོ་གཟི་བརྗིད་ལྷན་ཚོགས་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་ཀྱིས་ཐོན་ལས་རྣམ་གྲངས་939ལག་ལེན་བསྟར་བ་དང་མ་དངུལ་སྒོར་དུང་ཕྱུར་4491གཏོང་བར་སྐུལ་སློང་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ནས་དུས་རབས་གསར་པའི་གཟི་བརྗིད་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

    འགོ་འཛུགས་ས་གསར་པར་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་གཙོ་གནད་ལས་འགན་འཆར་འགོད་བྱས་ཏེ། ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། “བདེ་ཐང་གཉིས”ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་རམ་འདེགས་བྱེད་པ་བཅས་ཀྱི་ཐད་གཟི་བརྗིད་བྱ་གཞག་གིས་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད།

    “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་དངོས་སྒྲུབ་བྱ་སྤྱོད་སྤེལ་བ།

    2021ལོར་རེ་འདུན་གསར་པའི་ཚོགས་པ་སོགས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་སྤྱི་ཕན་གསོ་སྦྱོང་རྣམ་གྲངས་ལག་ལེན་བསྟར་བར། ས་གནས་ཁག་གི་གྲོང་གསེབ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་མིང་ཐོ་འགོད་པར་ཡོང་མཁན་མང་པོ་བྱུང་ཞིང་། ད་ཆ་སློབ་གཉེར་བ་400ལྷག་ཙམ་བདེ་བླག་ངང་སློབ་མཐར་ཕྱིན་པ་དང་གྲོང་ཚོ་3000ལྷག་ཙམ་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད། “ང་ཚོའི་ཁེ་ལས་གྲོང་གསེབ་ཏུ་བཙུགས་པ་དང་གྲོང་གསེབ་ཏུ་འཕེལ་རྒྱས་བྱུང་སོང་། ད་ཆ་ང་ཚོར་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད་པའི་འགན་འཁྲི་དེ་བས་ཡོད”ཅེས་གཟི་བརྗིད་བྱ་གཞག་བཏོད་མཁན་གྱི་གྲས་ཤིག་ཡིན་པའི་རེ་འདུན་གསར་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཡུང་ཧའོ་ཡིས་བཤད།

    འདི་ནི་ཉེ་བའི་ལོ་ཤས་རིང་གཟི་བརྗིད་བྱ་གཞག་གིས་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུས་པའི་བསྡུས་རིས་ཤིག་རེད།

    ཉེ་བའི་ལོ་ལྔའི་རིང་། ཀྲུང་གོ་གཟི་བརྗིད་ལྷན་ཚོགས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་། མཐའ་དར་དམངས་ཕྱུག མཐའ་བརྟན་མཐའ་སྲུང་སོགས་ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས། བརྗོད་དོན་མངོན་གསལ་དོད་པ་དང་རྣམ་པ་གསོན་ཉམས་དོད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་ལ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གནད་སྨིན་ཤུགས་འདོན་གྱིས་ཐོན་ཁུངས་ཀྱི་གཙོ་རྒྱུ་གཙོ་གནད་ཁྱབ་ཁོངས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱས་ཡོད། 

    ——“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། རིམ་ཁག་གཟི་བརྗིད་ལྷན་ཚོགས་ཀྱིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་ཁྲི་23.51སྒྲིག་འཛུགས་སྐུལ་སློང་བྱས་ཏེ་གྲོང་ཚོ་ཁྲི་16.19ལ་རོགས་སྐྱོར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.21བཏང་བ། ཞལ་འདེབས་དངུལ་འབོར་སྒོར་དུང་ཕྱུར་564བརྒྱབ་ཡོད།

    ——“ཀྲུང་གོ་གཟི་བརྗིད་བྱ་གཞག་བྱ་སྤྱོད”ཀྱིས་གནད་སྨིན་ཤུགས་འདོན་བྱས་ཤིང་། ཀུའེ་ཀྲོའུ་ཡི“པི་ཅེར་སྐྱོད་པའི”བྱེད་སྒོས་ཐོན་ལས་ཚོང་འགུགས་རྣམ་གྲངས་113ལ་སྐུལ་འདེད་བཏང་བ་དང་། “བོད་དུ་སྐྱོད་པའི”བྱེད་སྒོས“ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ་སྦྲེལ་བའི” ཆ་སྒྲིག་བྱས་པ་ལ་སོགས་ཀྱི་བྱེད་སྒོས་མི་རིགས་ས་ཁུལ་དང་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་ས་ཁུལ་ལ་དམིགས་ནས། དམངས་གཉེར་ཁེ་ལས་ཀྱི་ཐོན་ཁུངས་ཀྱི་གཙོ་རྒྱུ་དག་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་ལུགས་མཐུན་ངང་འཁོར་སྐྱོད་དང་གཅིག་སྡུད་ནུས་ཆེ་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

    ——“དམངས་གཉེར་ཁེ་ལས་མཐའ་མཚམས་སུ་སྐྱོད་པའི”བྱ་སྤྱོད་རྒྱ་སྐྱེད་གཏིང་ཟབ་བཏང་ཞིང་། ཀྲུང་གོ་གཟི་བརྗིད་ལྷན་ཚོགས་ཀྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་གཞོགས་འདེགས་ཀྱིས་དམངས་གཉེར་ཁེ་ལས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན། མ་འཇོག་རྣམ་གྲངས་288ལ་གན་རྒྱ་འཇོག་པར་སྐུལ་འདེད་བཏང་བས་མ་འཇོག་དངུལ་གྲངས་སྒོར་དུང་ཕྱུར་1295.07ཟིན་ཡོད།

    སྤྱི་ཕན་གྱི་རྣམ་པ་གསར་གཏོད་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་གཅེས་སེམས་གཅིག་ཏུ་བསྡུས་པ།

    ཀྲེ་ཅང་ཧང་ཀྲོའུ་ཡི་ཞའོ་ཧྲན་ཆུས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་དུ་ཞིང་ལས་ལག་རྩལ་པས་ཞིང་དུད་ལ་ཞིང་ནང་གི་གཡོག་བྱེད་ཐད་མཛུབ་ཁྲིད་བྱེད་བཞིན་ཡོད་པ་དང་། ལེ་དབར་སྟོང་ཕྲག་ཁ་ཤས་ཡོད་པའི་ཕྱི་རོལ་གྱི་ཀུའེ་ཀྲོའུ་རི་ཁུལ་དུ་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བར་ཕྱུགས་རིགས་དང་ཁྱིམ་བྱ་མང་པོ་ཡོད་པ་དག་ཉོ་སྒྲུབ་རླངས་འཁོར་གྱིས་བང་བསྒྲིགས་ནས་དབོར་འདྲེན་བྱ་རྒྱུར་སྒུག་བཞིན་ཡོད། ཐོན་ལས་ཀྱི་རྣམ་པ་དེ་དག་དམིགས་བསལ་གྱི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་སྟེ“ཞིང་གསུམ་རོགས་སྐྱོར་ཐེབས་རྩའི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ” དང་ཁ་བྲལ་ཐབས་མེད།

    ཡིད་རྟོན་མངགས་བཅོལ་དེ་ཀྲུང་གོ་གཟི་བརྗིད་ལྷན་ཚོགས་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚན་པར་བྱས་པའི་དབན་ཤང་ཞིང་གསུམ་ཚོགས་པས་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཞིང་ལས་ཐོན་ལས་ཚན་ཞིབ་མ་ལག་ཏུ་འགྱུར་བ་དང་། ཐོན་སྐྱེད་གཞི་ཁྱོན་དུ་འགྱུར་བ། ཁྲོམ་ར་དྲ་རྒྱར་འགྱུར་བ་བཅས་ལ་སྐུལ་འདེད་གཏོང་ཆེད་རེད། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་40ལྷག་ཙམ་བཏང་ནས་ཞིང་པ་ཁྲི་40ལྷག་ཙམ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    ཤིན་ཅང་ཁ་ཧྲི་ཧྲ་ཁྲེ་རྫོང་ཕེ་ཙི་ཨ་ཝ་ཐི་སློབ་ཆུང་གི་སློབ་ཚན་ཐོག་བྱིས་པ་ཚོས་སློབ་སྐྱོར་གཞོན་ནུ་ཁེ་ལས་མཁས་ཅན་གྱི་མཐའ་སྐོར་ནས་གསར་དར་ཁྱབ་ཁོངས་ཀྱི་ཤེས་བྱ་འདྲི་བཞིན་པ་དེ། “མེ་ཏོག་གི་འཛུམ་མདངས་ཆེད”ཅེས་པའི་རྣམ་གྲངས་ཀྱི་སློབ་སྐྱོར་སློབ་གསོའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་རེད།

    2014ལོར། ཧྲང་ཧའེ་གྲོང་ཁྱེར་གཟི་བརྗིད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་ཞི་ཨའེ་ཡིས་ཀན་ལྷོ་རྩྭ་ཐང་དུ་མཚམས་འདྲིར་སྐྱོད་སྐབས། ས་གནས་དེ་གར་དགེ་རྒན་དཀོན་པ་དང་སློབ་ཚན་ནང་དོན་སྣ་འཛོམས་མེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཁེ་ལས་མཁས་ཅན་11དང་མཉམ་དུ་སློབ་སྐྱོར་རྣམ་གྲངས་ལག་ལེན་བསྟར་ཡོད། ལོ་11གི་རིང་རྣམ་གྲངས་དེས་གཞོན་ནུ་ཁེ་ལས་མཁས་ཅན་712འོས་འགན་སློབ་སྐྱོར་དང་ཞལ་འདེབས་སློབ་སྐྱོར་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་སློབ་གསོ་དྲང་གཞག་གི་འོད་སྣང་ཐག་རིང་ལུང་ཁུག་ཏུ་འཚེར་བར་བྱས་ཡོད།

    བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁྱིམ་ཞེན་རྒྱལ་ཞེན་གྱི་རྩ་བ་ཚུགས་པར་བྱས་པ།

    ཆེད་འཁྲབ་གློག་བརྙན་ལ་ལྟ་བ་དང་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བ་དང་། “གཟི་བརྗིད་ཀྱི་འཆད་ཁྲིད་ཆེན་པོ”དང“གཟི་བརྗིད་ཀྱི་སྐར་མ”སོགས་ཀྱི་རྣམ་པ་བརྒྱུད། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་འོས་སྦྱོར་དང་གཟི་བརྗིད་གཏམ་རྒྱུད་ཡག་པོ་བཤད་དེ། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་གྱི་གནས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཁྱིམ་ཞེན་རྒྱལ་ཞེན་གྱི་རྩ་བ་ཚུགས་རྒྱུར་ཁྲིད་སྟོན་བྱས་ཡོད།

    ཉེ་བའི་ལོ་ལྔའི་རིང་། ཀྲུང་གོ་གཟི་བརྗིད་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱ་རྒྱུ་ཨང་དང་པོར་བཞག་ནས་གཟི་བརྗིད་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། གཟི་བརྗིད་བྱ་གཞག་གིས་རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་དམངས་གཉེར་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་ནས་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་སྐྱོད་པ།

    “ཀྲུང་གོ་གཟི་བརྗིད་ལྷན་ཚོགས་ཀྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས‘ལོ་ལྔ་ཚན་བཅོ་ལྔ་པའི’དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་དམིགས་ཏེ། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་ཁྱིམ་ཞེན་རྒྱལ་ཞེན་གྱི་རྩ་བ་བརྟན་ཚུགས་དང་། གཟི་བརྗིད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འབད་འཐབ་ཀྱི་ཉམས་འགྱུར་མངོན་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བ་བཅས་ལ་སྐུལ་ཁྲིད་བྱེད་པ་དང་། གཟི་བརྗིད་བྱ་གཞག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཟི་བརྗིད་སྣོན་པའི་ལེའུ་གསར་པ་མུ་མཐུད་རྩོམ་པ། དུས་རབས་གསར་པའི་གཟི་བརྗིད་ལམ་བུར་ཡག་པོ་སྐྱོད་པ་བཅས་བྱ་རྒྱུ་ཡིན”ཞེས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་གཏན་ལས་དོན་གྱི་འགན་འཁུར་མཁན་པུའུ་ཀྲང་གཞོན་པ་དང་ཀྲུང་གོ་གཟི་བརྗིད་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲེན་ཡིང་གིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།