དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་ཀྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་5.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-01

    ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་ཁྲི་293.7ཟིན་པ་དེ་དུས་མཚུངས་ལས་5.1%འཕར་བ་དང་། ཟླ་བ་བཅུ་པར་དུས་མཚུངས་ལས་4.8%འཕར་ཡོད། ཟོག་འགྲེམས་ཀྱི་དགོས་མཁོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་དང་གྲུབ་ཆའི་རང་བཞིན་གྱི་ལེགས་སྒྲིག་ལེགས་སུ་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་ཡོད།

    བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་འཕར་ཚད་བརྟན་དུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་5.3%འཕར་བ་དང་། ཟླ་བ་བཅུ་པར་རླངས་འཁོར་བཟོ་སྐྲུན་དང་འབྲེལ་ཡོད་ཀྱི་ཟོག་འགྲེམས་དགོས་མཁོ་དུས་མཚུངས་ལས་16.8%འཕར་བ་མ་ཟད། འཕར་བའི་སྒུལ་ཤུགས་ཅུང་ཆེན་པོ་ཡོད་པ་རེད།

    ཚན་པ་དང་གྲོང་མིའི་དངོས་ཟོག་ཟོག་འགྲེམས་རྒྱུན་མཐུད་ངང་ཅུང་མྱུར་པོ་འཕར་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་། ཚན་པ་དང་གྲོང་མིའི་དངོས་ཟོག་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་6.4%འཕར་བ་དང་། དྲ་ཐོག་འཛད་སྤྱོད་ཟོག་འགྲེམས་རྒྱུན་མཐུད་འཁྲུག་ཆ་དོད་དུ་ཕྱིན་པ་མ་ཟད། དུས་ཐོག་སིལ་ཚོང་དང་ཐད་གཏོང་དྲ་ཚོང་སོགས་ལས་རྣམ་གསར་པ་ཡང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འབྲེལ་ཡོད་ཟོག་འགྲེམས་ཀྱི་དགོས་མཁོ་ཚང་མ་གྲངས་གནས་གཉིས་འཕར་རྒྱུན་འཁྱོངས་ཐུབ་ཡོད།

    ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཟོག་འགྲེམས་ཀྱི་དགོས་མཁོ་རྒྱུན་མཐུད་ངང་མྱུར་པོ་འཕར་ཞིང་། ཟླ་བ་བཅུ་པར་ནུས་རྒྱུ་གསར་པའི་རླངས་འཁོར་དང་རླངས་འཁོར་ལ་སྤྱོད་པའི་ལིས་གྱེས་རྡུལ་གློག་རྫས་སོགས་ལྗང་མདོག་ཐོན་རྫས་ཀྱི་ཟོག་འགྲེམས་འབོར་ཚད་དུས་མཚུངས་ལས་19.3%དང་30.4%ཁག་སོ་སོར་འཕར་བ་དེ་སྤྱི་ཚོགས་ཟོག་འགྲེམས་དངུལ་འབོར་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།