ལུས་རྩལ་གྱི་ཁྱད་ལྡན་སློབ་གསོས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

འདི་ནི་ནན་ཅིང་གྲོང་ཁྱེར་ཀུ་ལུའོ་ཆུས་ཐན་ཧྥེ་ཀུང་སློབ་ཆུང་དུ་སློབ་མས་ལུས་རྩལ་སློབ་ཚན་འཚོག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཐན་ཧྥེ་ཀུང་སློབ་ཆུང་གིས་ལུས་རྩལ་གྱི་ཁྱད་ལྡན་སློབ་གསོ་གཏིང་ཟབ་སྤེལ་ནས“སློབ་ཚན་ཁྱབ་གདལ་གྱིས་རྨང་གཞི་བརྟན་དུ་གཏོང་བ་དང་། སྐས་རིམ་རྣམ་པར་བརྟེན་ནས་ཕུལ་བྱུང་གསོ་སྐྱོང་། རིག་གནས་བྱེད་སྒོར་བརྟེན་ནས་མི་སྣ་སྐྱོང་བ”བཅས་ཀྱི་ལྟེ་བའི་འཕེལ་རྒྱས་ཀྱི་སྒྲོམ་གཞི་བཙུགས་པས། “ཚང་མ་ཞུགས་པ་དང་། རིམ་དབྱེ་མཐོར་གཏོང་། རྩལ་སློབ་ཟུང་འབྲེལ”བཅས་ཀྱི་ཁྱད་ལྡན་མ་ལག་ཆགས་ནས་ལུས་རྩལ་སློབ་གསོ་དེ་མི་བཟང་གསོ་སྐྱོང་གི་གཞི་རྟེན་གལ་ཆེན་དུ་གྱུར་པ་དང་། སློབ་མའི་གཟུགས་གཞི་ཐང་དུ་གཏོང་བ། སློབ་མར་དཀའ་སྤྱད་སྙིང་རུས་ཀྱི་གཤིས་རྒྱུད་འཇགས་པ་བཅས་བྱས་ཏེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ་རེད།
འབྲེལ་ཡོད་གསར་འགྱུར།