དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསོག་འཇོག་རྒྱལ་བུན(གློག་རྡུལ་རྣམ་པ)མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-01

    ཉེ་ཆར་ནོར་སྲིད་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས《གསོག་འཇོག་རྒྱལ་བུན(གློག་རྡུལ་རྣམ་པ)དེ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ཁྱབ་ཁོངས་ནང་འཇུག་རྒྱུའི་འབྲེལ་ཡོད་དོན་གནད་སྐོར་གྱི་བརྡ་ཐོ》བཀྲམ་པའི་ནང་། 2026ལོའི་ཟླ་བ་དྲུག་པ་ནས་བཟུང་། མི་སྒེར་གྱི་རྒན་གསོའི་དངུལ་གསོག་འཇོག་རྒྱལ་བུན(གློག་རྡུལ་རྣམ་པ)གྱི་ལས་སྒོ་གཉེར་མཁན་སྒྲིག་གཞིས་རྒན་གསོའི་དངུལ་གྱི་མ་དངུལ་འཇོག་མཁན་ལ་གསོག་འཇོག་རྒྱལ་བུན(གློག་རྡུལ་རྣམ་པ)ཉོ་བའི་འབྲེལ་ཡོད་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་ལུགས་ཁ་གསལ་བསྟན་ཡོད།

    རྒན་གསོའི་དངུལ་མ་འཇོག་མཁན་གྱིས་གསོག་འཇོག་རྒྱལ་བུན(གློག་རྡུལ་རྣམ་པ)མ་ཉོས་གོང་། སྒྲིག་གཞིས་དེར་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཆེད་སྤྱོད་རྒྱལ་བུན་གྱི་རྩིས་ཁྲ་བཟོས་ནས་རྒན་གསོའི་དངུལ་གྱི་མ་དངུལ་འཇོག་མཁན་གྱིས་ཉོས་པའི་གསོག་འཇོག་རྒྱལ་བུན(གློག་རྡུལ་རྣམ་པ)གྱི་ཐེངས་གྲངས་དང་། གྲངས་འབོར། བདག་དབང་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ཐོ་འགོད་ལ་སྤྱོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།