དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཏུང་གིས་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་ཕྲག་ཏུ་ཧུར་ཐག་འཁུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་པོ། ཧོ་ལིན་ལེང་།   |     སྤེལ་དུས།  2025-12-01

    2013ལོའི་ཟླ་བ་བཅུ་གཅིག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུས་ཧྥུའུ་རུ་ཡོད་པའི་ཁུང་ཚང་དང་ཁུང་ཙི་ཞིབ་འཇུག་ཁང་དུ་གཟིགས་སྐོར་དང་རྟོག་ཞིབ་གནང་སྐབས“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཆ་རྐྱེན་དུ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    2024ལོའི་ཟླ་བ་ལྔ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས“ཧྲན་ཏུང་གིས་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་ཕྲག་ཏུ་ཁུར་དགོས་པ”དང“རིག་གནས་ཀྱི་གདེང་ཚོད་ཆེ་རུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས། རྒྱལ་སྤྱིའི་ཁུང་ཙི་རིག་གནས་སོགས་གཞི་རྟེན་དུ་བྱས་ནས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས” ཞེས་ནན་བཤད་གནང་ཡོད།

    གསུང་རབ་གཞན་སྒྱུར་ལས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    2022ལོ་ནས་བཟུང་། ཧྲན་ཏུང་གིས“ཧྲན་ཏུང་གི་རིག་རྒྱུན”འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས། ཞིང་ཆེན་ནང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚད་ལྡན་ཡིག་ཆའི་རྩོམ་སྒྲིག་དཔེ་སྐྲུན་རྣམ་གྲངས《ཆི་ལུའུ་རིག་མཛོད》རྩོམ་སྒྲིག་བྱེད་འགོ་ཚུགས་ཡོད། མི་རིང་བའི་གོང་། ཀྲུང་གོ་རྒྱལ་སྤྱིའི་པར་དབང་འགྲེམས་ཚོགས་སྐབས་བཅུ་པའི་ཐོག《ཆི་ལུའུ་རིག་མཛོད》ཀྱི་དུས་ཐེངས་དང་པོའི་གྲངས་གཞིའི་མཛོད་ཧྲན་ཏུང་འགྲེམས་ཁུལ་དུ་བསྟན་ནས་ལྟད་མོ་བ་མི་ཉུང་བ་ཞིག་དེ་གར་ཉམས་ལེན་དང་སྤྱོད་པའི་ཡིད་དབང་བཀུག་ཡོད།

    ད་ལོ། གཡན་ཐའེ་གྲོང་ཁྱེར་རྟེན་མཛོད་ཁང་གིས་འགྲེམས་སྟོན་སློབ་གྲྭར་གཉེར་ཞིང་། སློབ་མ་ཁྲི་10ལྷག་ཙམ་ལ“སློབ་ཚན་གཉིས་པ”ཁྲིད་ཡོད། “དབྱིངས་ཞུགས་ཉམས་ལེན་དང་མཚམས་སྒྲོལ་མཉམ་འདྲེས་ལས་རིག་དངོས་རྣམས་གསོན་ཉམས་ལྡན་པར་བྱས་ནས་མེས་པོའི་བློ་གྲོས་དར་བ་བྱས་ཡོད”ཅེས་ཀོན་ཀྲང་ཞ་དབུན་སེན་གྱིས་བཤད།

    ཤེས་དཔལ་བསིལ་ཆབ་མི་སེམས་བརླན་པར་བྱས། ཆི་ལུའུ་ས་གཞི་ཆེ་མོར་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་དུ་གྱུར་ཡོད།

    གྲོང་གསེབ་ཏུ་མཉམ་འདྲེས་ཐུབ་ནས་ཡུལ་དེའི་གོམས་སྲོལ་དུ་གྱུར་པ།

    ཆུས་ཧྥུའུ་གྲོང་ཁྱེར་ཞའོ་ཞུའེ་ཁྲོམ་གཞུང་ཝུའུ་ཅ་གྲོང་ཚོའི་གྲོང་ལྷན་གྱི་སྒོ་རའི་ནང“མཐུན་པོ་བྱུང་ན་མཆོག་གྱུར་ཡིན”ཞེས་པའི་སྦྱར་ཡིག་དེ་ཧ་ཅང་མངོན་ཆེ་ཞིང་། “མཐུན་པོ་བྱུང་ན་མཆོག་གྱུར་ཡིན་ཞེས་བྲིས་པའི་འདུམ་འགྲིག་ལྕོག་ཙེའི་མདུན་དུ་བསྡད་ནས་ཡིག་འབྲུ་དེའི་སྙིང་དོན་སྐོར་གླེང་བས་འགལ་བ་ཁག་གཅིག་རང་བཞིན་གྱིས་བསལ་ཡོད” ཅེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཝུའུ་པོ་ཡིས་བཤད།

    མིག་སྔར“གྲོང་གསེབ་ཀྱི་རུའུ་ལུགས་རིག་པའི་སློབ་ཁང”ཁྲི་2ལྷག་ཙམ་ཆི་ལུའུ་ཡི་གང་སར་བཙུགས་ནས་ཤེས་དཔལ་གྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་ཀྱི་དམངས་སྲོལ་བཅས་སྐྱེད་སྲིང་བྱ་རྒྱུར་རམ་འདེགས་བྱས་ཡོད། “ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གྲོང་གསེབ་ཏུ་མཉམ་འདྲེས་ཐུབ་པས་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་ནུས་ལྡན་བྱས་ཡོད”ཅེས་སི་ཧྲུའེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཤིན་གྱིས་བཤད།

    གྲངས་རིག་གི་མཐུན་རྐྱེན་སྦྱར་བས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་བྱུང་བ།

    སྲོལ་རྒྱུན་གྱི་རིག་གནས་ལ་ཐོན་ལས་གཞན་སྒྱུར་བྱས་ཏེ་ཧྲན་ཏུང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཧེ་ཙེ་གྲོང་ཁྱེར་ཚའོ་རྫོང་དུ་སྨད་གཡོགས་རྟ་གདོང་མ་སོགས་སྲོལ་རྒྱུན་གྱི་གྱོན་གོས་ཁྲོམ་རར་བཏོན་ཞིང་། “གྲངས་ རིག་ལག་རྩལ་གྱི་མཐུན་རྐྱེན་སྦྱར་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད”ཅེས་ཚའོ་རྫོང་གི་རྒྱ་རིགས་ཀྱི་གྱོན་གོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཧུའུ་ཁྲུན་ཆིང་གིས་བརྗོད་པ་དང་། ཁོང་གིས་ས་གནས་དེ་གའི་རྒྱ་རིགས་ཀྱི་གྱོན་གོས་ཁེ་ལས་ཁག་གཅིག་གིས་ཧེར་ཁཱ་ཨའོ་སི་བཟོ་ལས་དྲ་སྦྲེལ་ལས་སྟེགས་བརྒྱུད་གྲངས་འཛིན་ཅན་གྱི་སྒྱུར་བཀོད་རིམ་སྤོར་བྱས་པ་དང་ཐོན་སྐྱེད་བརྒྱུད་རིམ་ཚང་མ་ལེགས་སུ་བཏང་བས། རང་གཤིས་ཅན་གྱི་མངགས་བཟོ་མངོན་འགྱུར་བྱུང་ནས་ཁྲོམ་རའི་ཐོག་ལམ་བུ་གསར་པ་ཞིག་ཕྱེ་ཡོད། ད་ཆ་ཚའོ་རྫོང་གིས་འབྲེལ་ཡོད་གྱོན་ཆས་ཐོན་ལས་དེ་སྒོར་དུང་ཕྱུར་བརྒྱ་ཟིན་པའི་ཐོན་ལས་ཚོགས་པ་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    སྤེལ་རེས་མིག་ལྟོས་ལས་རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས།

    ད་ལོའི་ཟླ་བ་བདུན་པར། ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་སྐབས་བཅུ་གཅིག་པ་ཆུས་ཧྥུའུ་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཁབ་70ལྷག་ཙམ་གྱི་སྐུ་མགྲོན་560ལྷག་ཙམ་འཛོམས་ཏེ“རང་གི་རྒྱན་གྱིས་རང་ཉིད་བརྒྱན། རྒྱན་ཐོག་རྒྱན་བརྩེགས་ཐམས་བཅད་མཛེས——ཤེས་དཔལ་དབར་གྱི་འབྲེལ་བ་དང་གོ་ལ་ཧྲིལ་པོའི་དེང་རབས་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་དང་མཐུན་འགྲོགས་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད།

    2010ལོ་ནས་གཉེར་འགོ་ཚུགས་ཚུན། ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་དེ་གོ་ལ་ཧྲིལ་པོའི་ཤེས་དཔལ་སྤེལ་རེས་ཀྱི་གྲགས་ཅན་སྤུས་རྟགས་སུ་གྱུར་པ་མ་ཟད། ཧྲན་ཏུང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ་བྱས་ཏེ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི་གཡུར་ཟའི་གྲུབ་འབྲས་ཀྱང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།