“ལོ་ལྔ་ཚན་བཅོ་ལྔ་པའི”ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད།
དེང་རབས་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ལ་དེང་རབས་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་དར་ཞིང་ཕན་དང་ཞིང་ཕྱུག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
སྤྱི་ཚོགས་ཀྱི་འཁོར་རྒྱུག་ཐབས་ལམ་ཐོགས་མེད་བདེ་བགྲོད་ཡོང་བར་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱས་ཏེ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཐོག སྤྱི་ཚོགས་ཀྱི་འཁོར་རྒྱུག་ཐབས་ལམ་ཐོགས་མེད་བདེ་བགྲོད་ཡོང་བར་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ལེགས་པོར་གཉེར་བ། སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ། ས་ཁང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། བདེ་ཐང་ཀྲུང་གོ་གང་མགྱོགས་འཛུགས་སྐྲུན་བྱེད་པ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱེད་དགོས།
ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སྣེ་ཁྲིད་དུ་བྱས་ཏེ། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གང་མགྱོགས་ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་སྒྱུར་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ལག་ལེན་བསྟར་བ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སྣེ་ཁྲིད་དུ་བྱས་ཏེ། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྦགས་བཙོག་འགོག་བཅོས་ཐད་ཀྱི་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་རྒྱུན་མཐུད་གཏོང་བ་དང་། ནུས་ཁུངས་མ་ལག་དཔེ་གསར་གང་མགྱོགས་འཛུགས་སྐྲུན་བྱེད་པ། ཐཱན་རྩེར་སོན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དེ་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།