སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གྱིས་འཛམ་གླིང་གི་རྩེར་སོན་ཚན་རྩལ་མཐོ་གླིང་བསྐྲུན་པ།

སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་ནི་ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། གླིང་ཁུལ་གྱིས་སྒོ་དབྱེ་གསར་གཏོད་ཀྱི་འཛམ་གླིང་གི་རྩེར་སོན་ཚན་རྩལ་མཐོ་གླིང་ཕྱོགས་ཡོངས་ནས་མགྱོགས་མྱུར་བསྐྲུན་ཏེ། ནཱ་སྨི་རྒྱུ་ཆ་གསར་པ་དང་། སྐྱེ་ཁམས་སྨན་རྫས། དེ་བཞིན་རྩེར་སོན་གྱི་སྨན་བཅོས་ཡོ་ཆས་བཅས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོ་འདུས་ལ་བདམས་ཐོན་བྱུང་ནས། གོ་ལ་ཧྲིལ་པོའི་ནཱ་སྨི་ལག་རྩལ་མཉམ་འདུས་ཁུལ་ལྔ་ཡི་གྲས་ལ་གྱུར་ཏེ། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་3054དང་། རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་སྣེ་འདྲེན་ཁེ་ལས་149 རིམ་ཁག་ཁེ་ལས་རྭ་གཅིག་མ་དང་ཁེ་ལས་རྭ་གཅིག་མ་སྐྱེད་སྲིང་ཁེ་ལས་246བཅས་ཡོད་པ་རེད།
འདི་ནི་ཟླ་11ཚེས་20ཉིན། ཤིན་ཏཱ་སྐྱེ་དངོས་སྨན་བཟོ(སུའུ་ཀྲོའུ)ཚད་ཡོད་ཀུང་སིར་ཚོད་ལྟའི་མི་སྣས་ཉིང་མངར་ཉིང་སྐྱུར་འདོན་བཞིན་པ།
འབྲེལ་ཡོད་གསར་འགྱུར།