དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་ཅན་ཀེ་ཡིས་མང་ཚོགས་ཀྱི་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ།

    གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་དམངས་འཚོའི་འགག་གནད་སེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མིང་ཧྥུང་།   |     སྤེལ་དུས།  2025-12-01

    “ལོ་གསུམ་གྱི་རྗེས་སུ་ཁ་གསབ་རོགས་དངུལ་དེ་ད་དུང་རག་གི་རེད་བསམས་མྱོང་མེད” ཉེ་ཆར། སི་ཁྲོན་ཞིང་ཆེན་ཅན་ཀེ་རྫོང་པའེ་ལུང་གྲོང་རྡལ་ཧོ་ཧྥུང་གྲོང་ཚོའི་གྱོད་འབྲེལ་དངུལ་དང་དངོས་ཟོག་ཕྱིར་སློག་བྱེད་པའི་ཚོགས་འདུའི་ཐོག ཡུལ་མི་ཝང་ཀྲུང་ཡུང་གིས་གྲོང་རྡལ་སྒྲིག་ཨུད་ཀྱི་ལས་བྱེད་པའི་ལག་ནས་ཁ་གསབ་དངུལ་སྒོར་900དེ་བླངས་པ་རེད། ཉིན་དེར་གྲོང་ཚོ་དེའི་དུད་ཚང་79ཡི་ཡུལ་མིར་སྒྲིག་འགལ་ལས་བྱེད་པས་ཕྱིར་སློག་བྱས་པའི་2022ལོའི་རང་བྱུང་གནོད་འཚེའི་རོགས་སྐྱོབ་མ་དངུལ་བསྡོམས་སྒོར་ཁྲི་4.5རག་པ་རེད།

    ད་ཐེངས་ཕྱིར་སློག་བྱེད་པའི་ཚོགས་འདུ་འཚོགས་པ་ནི་རྫོང་དེའི་པའེ་ལུང་གྲོང་རྡལ་སྒྲིག་ཨུད་ཀྱིས་ཁྱིམ་ཚང་དུ་བཅར་འདྲི་བྱས་པ་ལས་བྱུང་ཞིང་། མང་ཚོགས་ཀྱིས་ཧོ་ཧྥུང་གྲོང་ཚོའི་ལས་བྱེད་པ་ཁག་གཅིག་ལ་སྒྲིག་འགལ་གྱིས་གྲོང་མིའི་ལག་ནས་དམངས་ཕན་ཁ་གསབ་རོགས་དངུལ་བླངས་པའི་གནད་དོན་འདུག་ཅེས་བཤད་པ་རེད། གྲོང་རྡལ་སྒྲིག་ཨུད་ཀྱིས་ཞིབ་བཤེར་གསལ་པོ་བྱས་རྗེས་འབྲེལ་ཡོད་འགན་འཁུར་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་སྒྲིག་ཁྲིམས་ལས་འགལ་བའི་མ་དངུལ་ཡོངས་རྫོགས་འདེད་ལེན་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་ཁ་གསབ་དངུལ་ཡོངས་རྫོགས་ཕྱིར་སློག་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཅན་ཀེ་རྫོང་སྒྲིག་ཨུད་ཀྱིས་དམངས་ཕན་མ་དངུལ་བཙན་བཟུང་བྱེད་པ་སོགས“རུལ་སུངས་ཆུང་ཙག”ལ་ཞིབ་བཤེར་ནན་པོ་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆར་དམིགས་ནས་དམངས་འཚོའི་འགག་གནད་དང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད།

    ཅན་ཀེ་རྫོང་ཅང་ཁོའུ་གྲོང་རྡལ་ཤིན་ཧོ་གྲོང་ཚོ་ནས་པའེ་ཡ་གྲོང་ཚོའི་བར་གྱི་གྲོང་གསེབ་གཞུང་ལམ་མཐོར་འདེགས་སྒྱུར་བཀོད་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ཤིན་ཧོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་སི་ཆང་གིས་ལམ་དེར་ལྟ་ཀྱིན“ལམ་བཟོས་རྗེས་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་སོང་བས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་འཕེལ་རྒྱས་དེ་བས་ཡག་པོ་བྱུང་སོང”ཞེས་བཤད། དེ་སྔ་འགྲོ་ལམ་དེ་ཡུན་རིང་ཉམས་བཟོ་བྱེད་མཁན་མེད་པ་དང་ལམ་ངོས་ལ་གཏོར་སྐྱོན་བྱུང་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པས་ཅན་ཀེ་རྫོང་སྒྲིག་ཨུད་ཀྱིས“དོན་དག་ཡོད་ན་སྒྲིག་བཤེར་འཚོལ་བར་ཤོག”ཅེས་པའི་དུད་ཚང་དུ་བཅར་འདྲི་བྱེད་སྐབས་གནད་དོན་དེ་དག་ཤེས་རྟོགས་བྱུང་སྟེ་ཅང་ཁོའུ་གྲོང་རྡལ་ལ་དག་ཐེར་བྱེད་དགོས་པའི་ལྟ་སྐུལ་བྱས་པ་རེད། ཅང་ཁོའུ་གྲོང་རྡལ་གྱིས་མ་དངུལ་བརྩོན་ལེན་བྱས་རྗེས་སྤྱི་ལེ་14.2ཀྱི་འགྲོ་ལམ་སྒྱུར་བཀོད་རིམ་སྤོར་བྱས་པ་རེད།

    “གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཤིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དོ་སྣང་བྱེད་དགོས”ཞེས་ཅན་ཀེ་རྫོང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད། མིག་སྔའི་བར། སྡེ་ཚན་དེས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁུངས་སྣེ་9891བསྡུ་རུབ་བྱས་ནས་གནད་དོན་9704ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཆད་གཅོད་གཏན་འབེབས་ཁྱབ་བསྒྲགས་ཚོགས་འདུ་ཐེངས་140འཚོགས་པ་དང་། གནད་དོན་དག་ཐེར་གྱི་བརྡ་ཁྱབ་ཚོགས་འདུ་ཐེངས་57འཚོགས་པ། གྱོད་འབྲེལ་དངུལ་དང་དངོས་ཟོག་ཕྱིར་སློག་བྱེད་པའི་ཚོགས་འདུ་ཐེངས་11འཚོགས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་7469.47མི་ཕོག་པ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།