དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྐྲ་བཞར་ནས་ཁེར་སྡོད་རྒན་རྒོན་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-01

    འདི་ནི་ལས་དོན་པས་རྒན་རྒོན་གྱི་མགོ་བོ་འཁྲུད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་ཅིང་། སྡེལ་ཁུལ་གྱི་ལས་མི་དང་ཆེད་ལས་སྐྲ་བཞར་བ་དང་མཉམ་དུ་ལོ་72ལ་སླེབས་པའི་དབང་སྐྱོན་ཁེར་སྡོད་རྒན་རྒོན་ཚེས་གསུམ་ལ་རིན་མི་དགོས་པར་སྐྲ་བཀྲུ་རོགས་དང་སྐྲ་བཞར་རོགས་བྱས་ནས། འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་ཚེས་གསུམ་གྱི་དཀའ་ངལ་བསལ་བ་རེད།

    ཚེས་གསུམ་ནི་སྡེ་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་བྱ་ཡུལ་ཞིག་ཡིན་ཞིང་། བུ་ཕྲུག་མེད་པའི་ཁར་ད་དུང་རིམ་པ་གསུམ་པའི་དབང་པོ་སྐྱོན་ཅན་ཡིན་པའི་ཁོ་པར་སྡེ་ཁུལ་གྱིས་རྒྱུན་དུ་ཟ་མ་སྐྱེལ་བ་དང་གཙང་སྦྲ་བྱེད་རོགས་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད། སྐྲ་མ་བཞར་གོང་། ལས་མིས་དགོས་མཁོ་གང་ཡོད་ཤེས་རྟོགས་བྱས་པ་དང་། ཆུ་དྲོད་འཇམ་གྱིས་མགོ་བོ་བཀྲུས་རྗེས་སྐྲ་བཞར་འགོ་བཙུགས་ལ། སྐྲ་བཞར་རྗེས་ཁོང་ལ་ཕྱིས་སུ་སྐྲ་བཞར་བའི་དགོས་མཁོ་ཡོད་ཚེ་འབྲེལ་བ་དུས་ཐོག་ཏུ་བྱེད་རོགས་ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐྲ་བཞར་ཞབས་ཞུ་ནི་སྡེ་ཁུལ་གྱིས་ཁེར་སྡོད་རྒན་རྒོན་ལ་གཅེས་སྐྱོང་གི་འཆར་གཞི་ལག་བསྟར་དོན་འཁྱོལ་བྱས་པའི་དཔེ་མཚོན་ཞིག་ཡིན་ཞིང་། ཧྲུའུ་ཅི་དང་། སྡེ་ཁུལ་གྱི་ལས་མི། དང་བླངས་པ་བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་སྒོ་ཁར་བསྐྱོད་ནས་དམངས་ཕན་ཞབས་འདེགས་ཞུ་བ་ཞིག་རེད། སླད་ཕྱིན། སྡེ་ཁུལ་གྱིས་མུ་མཐུད་ནས་དགོས་མཁོ་ཤེས་རྟོགས་བྱས་ཏེ། དུས་བཀག་ལྟར་སྐྲ་བཞར་དང་གཟུགས་པོར་བརྟག་དཔྱད་སོགས་ཀྱི་ཞབས་ཞུ་མི་འདྲ་བ་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།