དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ནི་ཡ་དང་ཙན་པི་ཡ་བར་གྱི་ལྕགས་ལམ་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་རྒྱང་ལམ་གསར་པར་བདེན་དཔང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཕེང་ལི་ཅུན། ཧྭ་ཧུང་ལི།   |     སྤེལ་དུས།  2025-11-30

    འདི་ནི་ཙན་པི་ཡར་ཡོད་པའི་ཐན་ཙན་ལྕགས་ལམ་དྲན་གསོ་ཁང་དུ་ས་གནས་དེ་གའི་ཡུལ་མིས་དྲན་གསོའི་རྡོ་རིང་ལ་གུས་འཇལ་ཞུ་བཞིན་པ།

     འདི་ནི་ཙན་པི་ཡའི་ཐན་ཙན་ལྕགས་ལམ་དྲན་གསོ་ཁང་དུ་ས་གནས་དེ་གའི་ཡུལ་མིས་ལྕགས་ལམ་སྐོར་ལ་ལྟ་སྐོར་བྱེད་བཞིན་པ།

     འདི་ནི་ཙན་པི་ཡའི་ལྟེ་བའི་ཞིང་ཆེན་གྱི་གཱ་ཕི་ལི་མུའུ་པོ་ཤིས་གསར་པའི་མེ་འཁོར་འབབ་ཚུགས་སུ་ཐན་ཙན་ལྕགས་ལམ་བཟོ་པས་ལྕགས་ལམ་གྱི་འདེགས་ཤིང་སྒྲིག་བཞིན་པ།

    “ཁམས་བཟང་། ངའི་ཀྲུང་གོའི་གྲོགས་པོ་ལགས། ”

    ཙན་པི་ཡའི་ལྟེ་བའི་ཞིང་ཆེན་གྱི་གཱ་ཕི་ལི་མུའུ་པོ་ཤིས་གསར་པའི་མེ་འཁོར་འབབ་ཚུགས་ཀྱི་ལྕགས་ལམ་དུ་ལག་རྩལ་ཆེ་མོ་བ་སི་ཐན་ལི·ཞི་མུའུ་ཤིས་ཀྱིས་གསར་འགོད་པ་མཐོང་སྐབས་ཁོང་གིས་རྒྱ་སྐད་བདེ་པོས་འཚམས་འདྲི་བྱས་པ་མ་ཟད། གྲོགས་པོ་རྙིང་པ་ཞིག་ཐུག་པ་ལྟར་དགའ་ཚོར་ཆེན་པོ་བྱས།

    གཱ་ཕི་ལི་མུའུ་པོ་ཤིས་གསར་པའི་མེ་འཁོར་འབབ་ཚུགས་དེ་ཐན་ཙན་ལྕགས་ལམ་གྱི་མཐའ་ཚུགས་དེ་ཡིན། ཐན་ཙན་ལྕགས་ལམ་དེ་ཤར་རྒྱུད་ཀྱི་ཐན་ཙན་ནི་ཡའི་གྲུ་ཁའི་གྲོང་ཁྱེར་ཏ་ལེ་སི་ས་ལ་མུའུ་ནས་འགོ་ཚུགས་ཏེ་ནུབ་རྒྱུད་བར་ཡིན་པ་དང་། དེ་ཀྲུང་གོ་སྲིད་གཞུང་གིས་སྐྱེད་མེད་དངུལ་བུན་བཏང་ནས་རོགས་སྐྲུན་བྱས་པ་ཞིག་རེད། 1976ལོའི་ཟླ་7ཚེས་14ཉིན་མེ་འཁོར་འབབ་ཚུགས་འདི་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་ནས་ལྕགས་ལམ་དེ་ཐན་ཙན་ནི་ཡ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་ལ་གཉེར་སྐྱོང་བྱེད་པར་དངོས་སུ་རྩིས་སྤྲད་པ་རེད།

    གསར་འགོད་པས་མེ་འཁོར་འབབ་ཚུགས་ནས་ཐན་ཙན་ལྕགས་ལམ་གྱི་མཐའ་ཚུགས་ཀྱི་དྲན་གསོའི་རྡོ་རིང་ཞིག་མཐོང་བ་དང་དེའི་ཐོག་སྤྱི་ལེ་1860.54369ཞེས་འཁོད་ཡོད། གྲངས་ཀ་དེ་ནི་ལྕགས་ལམ་གྱི་རིང་ཚད་ཧྲིལ་པོ་ཡིན་པ་དང་། ཀྲུང་གོའི་མི་ཐེངས་ཁྲི་5ལྷག་ཙམ་གྱི་ལས་གྲྭའི་ཇུས་འགོད་དང་ཨར་ལས་པས་དུས་ཡུན་ལོ་5དང་ཟླ་བ་བརྒྱད་ནང་རྔུལ་ཆུ་དང་ཁྲག་དྲོན་བཏོན་པ་དང་ཐ་ན་ཚེ་སྲོག་ཀྱང་བློས་བཏང་སྟེ་ཐན་ཙན་རྒྱལ་ཁབ་གཉིས་པོའི་མི་དམངས་དང་མཉམ་དུ་བསྐྲུན་པ་ཞིག་རེད།

    མེ་འཁོར་འབབ་ཚུགས་ཀྱི་ཀྲན་ཀྲང་མུའུ་ཁོ་ལུའོ་ལོ·ཆན་ཏ་ཡིས“ཐན་ཙན་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་ནང་ལས་ཀ་བྱེད་སྐབས་མེ་འཁོར་གྱིས་ལམ་རྒྱུད་གྲོང་མིའི་འཚོ་བར་སྟབས་བདེ་བསྐྲུན་པ་དང་གསོན་ཤུགས་གསར་པ་རྒྱས་པ་དེས་ང་རང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ང་ལ་ཀྲུང་གོའི་གྲོགས་པོ་མང་པོ་ཡོད། ལྕགས་ལམ་དེ་འགྲིམ་འགྲུལ་ཡོ་བྱད་ཙམ་མིན་པར། དེ་ལས་ང་ཚོའི་དབར་གྱི་མཛའ་གྲོགས་ཀྱང་ཟབ་ཏུ་ཕྱིན་སོང”ཞེས་བཤད།

    ཐན་ཙན་ལྕགས་ལམ་གྱི་དྲན་གསོ་ཁང་དུ་ཀྲུང་གོའི་ལེགས་སྐྱེས་སྐོར་བཀོད་ཡོད། དྲན་གསོ་ཁང་དེ་ཙན་པི་ཡའི་རྒྱལ་ས་ལུ་ས་ཁ་རུའི་གྲོང་ཁྱེར་གྱི་ལྟེ་བའི་བྱང་ཤར་མཚམས་ཀྱི་སྤྱི་ལེ་20ཙམ་གྱི་སར་གནས་པ་དང་སྔོ་ལྗང་གི་ནགས་ཚལ་ཁྲོད་ཀྲུང་ཙན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ཐུན་མོང་དྲན་ཤེས་ཀྱང་ཉར་ཚགས་བྱས་ཡོད།

    “དེ་གར་ཡོང་རིམ་བཞིན་རང་དབང་མེད་པར་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག”ཅེས་དྲན་གསོ་ཁང་གི་ལས་དོན་པ་ཐུའོ་པི་ཡ་སི·ལིན་ཀེ་ཝེ་ཤིས་ཀྱིས་བཤད་པ་དང་། ཁོང་གིས“ན་གཞོན་ཀྲུང་གོ་བ་ཁོང་ཚོ་ཕ་ཡུལ་དང་བྲལ་ཏེ་ང་ཚོའི་རྒྱལ་ཁབ་ཀྱི་ལྕགས་ལམ་ཉམས་གསོ་བྱེད་ཀྱི་ཡོད། ཁོང་ཚོ་ནི་ཙན་པ་ཡའི་གྲོགས་པོ་བློས་ཐུབ་རེད”ཅེས་བཤད།

    དུས་རབས་ཕྱེད་ཀ་ཙམ་སོང་རྗེས། ཀྲུང་ཙན་དང་ཀྲུང་ཐན་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་པའི“ལྕགས་ལམ”དེས་རེས་སྐོར་གསར་པའི་རིམ་སྤོར་དང་དར་རྒྱས་བསུས་ཡོད།

    2024ལོའི་ཟླ་9ཚེས་4ཉིན། ཀྲུང་གོ་དང་། ཐན་ཙན་ནི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི《ཐན་ཙན་ལྕགས་ལམ་སྐུལ་སྤེལ་རྣམ་གྲངས་ཀྱི་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་བྱས་ཡོད།

    “མིང་རྟགས་བཀོད་པའི་བསམ་ཤེས་དྲན་ཐོར་ཟོག་འགྲུལ་དང་། ཚོང་དོན། ཁྲོམ་རའི་འཇུག་འཐུས་སོགས་ཐད་ཨ་ཧྥེ་རི་ཁའི་རྒྱལ་སྒོ་ཆེ་མོ་ཕྱེ་ཡོད། ང་ཚོའི་ཚོང་ཟོག་དང་ཞབས་ཞུའི་ཐོན་སྐྱེད་ཚོང་པས་ཁྲོམ་ར་མི་འདྲ་བར་ཞུགས་ཆོག དེས་ཐན་ཙན་ནི་ཡ་དང་། ཙན་པི་ཡ། ཀྲུང་གོ་བཅས་ལ་ཕན་པ་ཡོད་པ་མ་ཟད། ས་ཁུལ་དེ་ག་དང་འཛམ་གླིང་ཧྲིལ་པོར་ཡང་ཕན་པ་ཡོད”ཅེས་ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མ་ཡིས་བཤད།

    ཐན་ཙན་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་པུའུ་ལུའུ་ནུའོ·ཆིན་ཨན་ཏུའུ་ཡིས། ཐན་ཀྲུང་དང་ཙན་ཀྲུང་དབར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱུང་རྗེས། ཐན་ཙན་ལྕགས་ལམ་གྱིས་འབྱུང་འགྱུར་སྐྱེལ་འདྲེན་བྱེད་པ་ཙམ་མིན་པར། ས་ཁོངས་ཕན་ཚུན་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་འགག་རྩའི་སྦྲེལ་ཐག་ཏུ་དེ་བས་འགྱུར་རྒྱུ་རེད་ཅེས་བཤད།

     འདི་ནི་ཙན་པི་ཡའི་ལྕགས་ལམ་དྲན་གསོ་ཁང་དུ་ས་གནས་དེ་གའི་ཡུལ་མིས་ལྕགས་ལམ་སྐོར་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཙན་པི་ཡའི་གཱ་ཕི་ལི་མུའུ་པོ་ཤིས་གསར་པའི་མེ་འཁོར་འབབ་ཚུགས་ཀྱི་འབབ་སྟེགས་ཡིན་པ།

    འདི་ནི་ཙན་པི་ཡའི་ཐན་ཙན་ལྕགས་ལམ་དྲན་གསོ་ཁང་དུ་ས་གནས་དེ་གའི་ཡུལ་མིས་ལྕགས་ལམ་སྐོར་ལ་ལྟ་སྐོར་བྱེད་བཞིན་པ།

    (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།