རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཚོགས་ཆེན་འཚོགས་པ།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཚོགས་ཆེན་སྐབས་གསུམ་པ་ཟླ་11ཚེས་28དང་ཚེས་29ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འཚོགས་པ་རེད།
མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ནི་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རོགས་བྱེད་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། མིག་སྔའི་བར། རང་རྒྱལ་དུ་རིགས་ཁག་གི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་ཁག་ཁྲི་7ལྷག་ཙམ་དང་ལས་གཉེར་མི་སྣ་ཁྲི་བརྒྱ་ལྷག་ཟིན་ཡོད་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ལས་རིགས་ཡོངས་སུ་ལོར་ཆ་སྙོམས་ངལ་རྩོལ་པ་མི་ཐེངས་དུང་ཕྱུར་3ལ་ལས་ཞུགས་དང་། ལས་འདེམས། སྐོར་སྐྱོད་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། མི་སྤྱོད་ཚན་པའི་ཐེངས་གྲངས་ཁྲི་5000ལྷག་ཙམ་གྱི་ཆེད་ལས་རྒྱབ་སྐྱོར་བྱས་ཡོད་པ་རེད།
སྐབས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་བཏོད་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང”ཞེས་པ་དེ་ཡིན་ཞིང་། དེའི་ནང་ཆེད་དོན་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལས་ཞུགས་གང་ལེགས་ཐུབ་པ་དང་ཐོན་ལས་མཉམ་འདྲེས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་པ། ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་། གཙོ་གནད་ཐོན་ལས་ཀྱི་མི་སྤྱོད་ཚན་པ་བཅས་སྒྲིག་འཛུགས་ཀྱིས་འགྲེམས་སྟོན་སྤེལ་རེས་དང་མཁོ་སྤྲོད་སྦྲེལ་མཐུད་བྱས་པ། སྔོན་ཐོན་བཟོ་སྐྲུན་དང་འོད་གློག་རྡུལ་ཕྲན་དང་ཆ་འཕྲིན་སོགས་ཀྱི་གཙོ་གནད་ཐོན་ལས་ལ་དམིགས་ནས་གདན་ཞུའི་དགོས་མཁོ་རྒྱ་ཁྱབ་ངང་བསྡུ་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་ཕྱི་སྦྱོང་སློབ་མ་སོགས་ལ་ཕྱོགས་ནས་སྤུས་ལེགས་ལས་གནས་ཁྲི་4ལྷག་ཙམ་གཅིག་སྡུད་ཐོག་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།