སྤྱི་ཚོགས་ལས་རིགས་ཁག་གིས་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་ཤང་ཀང་ཏ་ཕུའུ་ཡི་མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་གྲོང་མིར་རོགས་རམ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཤང་ཀང་གི་ཏ་ཕུའུ་ཧུང་ཧྥུའུ་ཡོན་དུ་མེ་སྐྱོན་བྱུང་རྗེས། སྤྱི་ཚོགས་ལས་རིགས་ཁག་གིས་མགྱོགས་མྱུར་རོགས་སྐྱོབ་དང་རོགས་སྐྱོར་གྱི་བྱ་སྤྱོད་སྤེལ་ཡོད། ཤང་ཀང་གི་ས་གནས་དེ་གའི་ཁེ་ལས་དང་། ཐེབས་རྩ་ལྷན་ཚོགས། དེ་བཞིན་ནང་སའི་ཁེ་ལས་དང་ལས་ཁུངས་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་སྟེ་གནོད་འཚེ་ཕོག་པའི་གྲོང་མི་མགྱོགས་མྱུར་བཀོད་སྒྲིག་དང་། འཚོ་བ་འགན་ལེན། གེགས་རྗེས་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།
ཚེས་27ཉིན། ཤང་ཀང་རྟ་རྒྱུག་འགྲན་ཚོགས་ཀྱིས“རྟ་རྒྱུག་འགྲན་ཚོགས་ཀྱི་འཕྲལ་མྱུར་རོགས་སྐྱོར་ཐེབས་རྩ”བརྒྱུད་ཤང་ཀང་གི་དངུལ་སྒོར་དུང་ཕྱུར་1རོགས་སྐྱོར་བྱས་ནས་རྨས་སྐྱོན་ཕོག་མཁན་དང་ཚེ་ལས་འདས་པའི་ནང་མིའི་ཁ་ཚ་དགོས་གཏུཌ་ཀྱི་དགོས་མཁོ་སེལ་རྒྱུ་དང་། དམིཌ་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྤྱི་ཚོགས་ཕན་བདེ་ཧྲུའུ་དང་སྲིད་གཞུང་མིན་པའི་རྩ་འཛུགས་བརྒྱུད་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཤང་ཀང་རྟ་རྒྱུག་འགྲན་ཚོགས་ཀྱིས་རོགས་སྐྱོར་བྱེད་ཐེངས་དང་པོ་ཡིན་ཞིང་འབྱུང་འགྱུར་རོགས་སྐྱོར་དེ་བས་མང་པོ་བྱ་རྒྱུ་རེད།
ཚོང་འགུགས་ཅུས་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་ཤང་ཀང་གི་དངུལ་སྒོར་ཁྲི་2000བཏང་ནས་ཚོང་འགུགས་ཅུས་ཚོགས་པའི་ཆེད་དོན་དགེ་སྒྲུབ་ཐེབས་རྩ་བཙུགས་ཏེ། འཕྲལ་སྡོམ་གེགས་སྐྱོབ་དང་གེགས་རྗེས་སླར་གསོ་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྤྱད་ནས། གནོད་འཚེ་ཕོག་པའི་གྲོང་མིར་འཚོ་བའི་དངོས་པོ་དང་ཛ་དྲག་གི་དཔལ་འབྱོར་གྱི་རོགས་སྐྱོར་བྱ་རྒྱུ་རེད།
ཧེང་ཅི་ཀྲའོ་ཡེ་བདག་ཐོབ་ས་ཆ་ཚོགས་པས་དོན་རྐྱེན་འདི་འདྲ་ཞིག་ཐོན་པར་ང་ཚོར་སེམས་སྡུག་ཆེན་པོ་བྱུང་། གནོད་འཚེ་ཕོག་པའི་མི་སྣ་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། ལི་ཀྲའོ་ཅི་ཐེབས་རྩས་ཤང་ཀང་གི་དངུལ་སྒོར་ཁྲི་3000ཞལ་འདེབས་བརྒྱབ་པ་དག་ཛ་དྲག་རོགས་སྐྱོབ་དང་བར་བརྒལ་བཀོད་སྒྲིག་ཐད་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
ཨའོ་མོན་ཧོ་དབྱིན་ཏུང་ཐེབས་རྩ་ལྷན་ཚོགས་དང་། ཤང་ཀང་ཧོ་དབྱིན་ཏུང་ཐེབས་རྩ་ལྷན་ཚོགས། དེ་བཞིན་ཧོ་དབྱིན་ཏུང་ཚོགས་པ་བཅས་ཀྱིས་ཤང་ཀང་གི་དངུལ་སྒོར་ཁྲི་3000ཞལ་འདེབས་བརྒྱབ་ནས་ཏ་ཕུའུ་ཧུང་ཧྥུའུ་ཡོན་གྱི་གྲོང་མིར་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
ཤིན་ཧོ་ཚོགས་པ་དང་ཧོང་ཐིང་ཧྥང་དགེ་སྒྲུབ་ཐེབས་རྩས་ཤང་ཀང་གི་དངུལ་སྒོར་ཁྲི་2000བཏང་ནས་རྒུད་སྐྱོབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཚོགས་པའི་མགྲིན་ཚབ་པས་སྤྱི་ཚོགས་དང་གདུང་སེམས་མཉམ་སྐྱེ་བྱུང་། དེ་དང་ཆབས་ཅིག་ཤང་ཀང་གི་གསོལ་མགྲོན་ཁང་མང་པོ་ཞིག་ཏུ་འགྲུལ་ཁང་ཁང་མིག་160གྲ་སྒྲིག་བྱས་ནས་དགོས་མཁོ་ཡོད་པའི་གྲོང་མིར་རིན་པ་མི་དགོས་པར་ཞག་སྡོད་བྱེད་དུ་བཅུག་སྟེ། ཁོང་ཚོའི་གནས་སྐབས་ཀྱི་སྡོད་གནས་འཚོལ་བའི་ཁུར་པོ་ཡང་དུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
དངུལ་ཁང་ལས་ཁུངས་མང་པོས་ཀྱང་ཞལ་འདེབས་བརྒྱབ་ཅིང་། ཧུའེ་ཧྥུང་དང་ཧེང་ཧྲེང་དངུལ་ཁང་གིས་ཤང་ཀང་གི་དངུལ་སྒོར་ཁྲི་3000ཞལ་འདེབས་བརྒྱབ་ནས། མེ་སྐྱོན་གྱི་རྗེས་གྲབས་ཐག་གཅོད་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དངུལ་ཁང(ཤང་ཀང)གིས་ཤང་ཀང་གི་དངུལ་སྒོར་ཁྲི་2000ཞལ་འདེབས་བརྒྱབ་པ་རེད།
འབྲེལ་ཡོད་གསར་འགྱུར།