ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་ལྕགས་ལམ་བཏིང་ཟིན་པ།

ཟླ་11ཚེས་27ཉིན། ལྕགས་ལམ་རིང་པོ་ཆ་མཇུག་ཤོས་དེ་ཧུའུ་པེ་ཧྲི་ཡན་ཧྲེན་ཏིང་གཙང་པོའི་ཟམ་ཆེན་ཐོག་བཏིང་པ་དང་ཆབས་ཅིག ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་འདིང་བའི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་རྗེས་མཐུད་ཀྱི་མཉམ་འབྲེལ་ཚོད་ལྟར་རྨང་གཞི་བཏིང་ཡོད། ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལམ་ཐིག་ཨ་མའི་རིང་ཚད་ལ་སྤྱི་ལེ་255.7དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་གྱི་ཡོད་ཅིང་། འདི་ནི་དེ་ཉིན་གྱི་ཧྲེན་ཏིང་གཙང་པོའི་ཟམ་ཆེན་སྐྲུན་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།