ཀྲེ་ཅང་ཉིང་པོ་རུ་ཐུན་མོང་མ་ཡིན་པའི་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཚན་ཞིག་འཚོགས་པ།

ཟླ་11ཚེས་28ཉིན། ཀྲུང་གོ་ཚན་རིག་ཁང་སློབ་ཆེན་ཉིང་པོ་རྒྱུ་ཆའི་བཟོ་སྐྲུན་སློབ་གླིང་གིས་ཐུན་མོང་མ་ཡིན་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཞིག་འཚོགས་ཤིང་། སློབ་མ་30ལྷག་ཙམ་རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་གློག་འདོན་ཀུང་སིར་བསྐྱོད་དེ་ཁེ་ལས་ཀྱི་འགྲེམས་ཁུལ་དང་ངལ་རྩོལ་དཔེ་བཟང་བཟོ་བོའི་གསར་གཏོད་ལས་དོན་ཁང་ལ་ལྟ་སྐོར་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཀྲང་ཅི་མིང་དང་སྤེལ་རེས་བྱས་ནས་ལག་རྩལ་འགག་སྒྲོལ་ཟམ་མི་ཆད་པར་བྱེད་པའི་བཟོ་བོའི་གཏམ་རྒྱུད་ཤེས་རྟོགས་བྱས་པ་རེད། འདི་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ། རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་གློག་འདོན་ཀུང་སིའི་སྙོམས་སྒྲིག་ལྟེ་གནས་རང་འགུལ་ཅན་གྱི་བཀོལ་སྤྱོད་བདག་སྐྱོང་ཚན་ཁག་གི་པན་ཀྲང་ཀྲང་ཅི་མིང(མདུན་གྱི་དཀྱིལ)དང་ལྟ་སྐོར་དུ་ཡོང་མཁན་ཀྲུང་གོ་ཚན་རིག་ཁང་སློབ་ཆེན་ཉིང་པོ་རྒྱུ་ཆའི་བཟོ་སྐྲུན་སློབ་གླིང་གི་སློབ་མའི་མཉམ་པར་ཡིན་པ།
འབྲེལ་ཡོད་གསར་འགྱུར།