དབྱར་དུས་ཀྱི་རྣ་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པ་མཇུག་འགྲིལ་བ།
ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་12དང་། དངུལ་གྱི་རྟགས་མ་16 ཟངས་ཀྱི་རྟགས་མ་22ཐོབ་པ།
ཚེས་26ཉིན། དབྱར་དུས་རྣ་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པ་རི་པིན་གྱི་གྲོང་ཁྱེར་ཐོ་ཁེའོ་རུ་མཇུག་འགྲིལ་བ་རེད། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་12དང་། དངུལ་གྱི་རྟགས་མ་16 ཟངས་ཀྱི་རྟགས་མ་22བཅས་ཀྱི་སྤྱིའི་གྲུབ་འབྲས་ཐོག་ནས་འགྲན་ཚོགས་མཇུག་བསྒྲིལ་བ་དང་། ཁྱོན་རྟགས་མ་50ཡིས་ཀྲུང་གོའི་འཐུས་མི་ཚོགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
སྐབས་འདིའི་འགྲན་བསྡུར་ནང་ཀྲུང་གོའི་འཐུས་མི་ཚོགས་པས་ལུས་རྩལ་པ་101མངགས་ནས་མཆོང་རྒྱུག་འཕེན་གསུམ་དང་། ཆུ་རྐྱལ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། དྲ་བའི་སྤོ་ལོ། ཐའེ་ཆོན་ཏའོ་དྲག་རྩལ། གཞུང་ལམ་གྱི་རྐང་འཁོར། ཁ་ཕྱོགས་གཏན་འཁེལ་གྱི་བྱེས་བགྲོད། པའོ་ལིང་སྤོ་ལོ་བཅས་རྣམ་གྲངས་ཆེན་པོ་9ཡི་འགྲན་བསྡུར་ནང་ཞུགས་ཡོད།
ཕིང་ཕང་སྤོ་ལོའི་རྣམ་གྲངས་ཐད། བདམས་ཐོན་པ་10ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་རྐྱང་རྒྱག་ཕུད་གསེར་གྱི་རྟགས་མ་6ཐོབ་པ་མ་ཟད། དངུལ་གྱི་རྟགས་མ་5དང་ཟངས་ཀྱི་རྟགས་མ་4ཐོབ་ནས་བྱ་དགའི་རྟགས་མའི་གྲངས་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ལ། ཆུ་རྐྱལ་ཐད་ཀྲུང་གོའི་རུ་ཁག་གིས་བུད་མེད་ཀྱི་སྨི་4×100ཡི་རང་མོས་ཆུ་རྐྱལ་གྱི་མཐུད་རྒྱུག་དང་མཉམ་བསྲེས་ཆུ་རྐྱལ་མཐུད་རྒྱུག་གི་གསེར་གྱི་རྟགས་མ་གཉིས་བླངས་ནས་གསེར་གྱི་རྟགས་མ་2དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་6བཅས་ཐོབ་སྟེ་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།