ཅིན་ཀུའུ་ཧའེ་ཧོ་གཙང་པོའི་ཕུག་ལམ་ཏལ་འབིགས་ཐུབ་པ།

ཟླ་11ཚེས་27ཉིན། ཐེན་ཅིན་ནས་ཝེ་ཧྥང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། ཅིན་ཀུའུ་ཧའེ་ཧོ་གཙང་པོའི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་བཏང་ནས་ཐེན་ཅིན་ནས་ཝེ་ཧྥང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཆ་ཚང་ལ་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེན་ཅིན་ནས་ཝེ་ཧྥང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་བྱང་རྒྱུད་པེ་ཅིང་ནས་ཐེན་ཅིན་བར་གྱི་གྲོང་འབྲེལ་ལྕགས་ལམ་དང་སྦྲེལ་བ་དང་། ལྷོ་རྒྱུད་ཅི་ནན་ནས་ཆིང་ཏའོ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་ཡོད། ལམ་ཐིག་ཨ་མའི་རིང་ཚད་ལ་སྤྱི་ལེ་348.9དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་གྱི་ཡོད་ཅིང་། འདི་ནི་ཟླ་11ཚེས་27ཉིན་པར་བརྒྱབ་པའི་ཐེན་ཅིན་ནས་ཝེ་ཧྥང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཅིན་ཀུའུ་ཧའེ་ཧོ་གཙང་པོའི་ཕུག་ལམ་སོར་འབིགས་ཀྱི་ལས་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།