དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོཌ་ཆེན་སྐབས་གསུམ་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ནན་བཤད་གནང་དོན།

    དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བདེན་ལེགས་མཛེས་གསུམ་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་བསྒྲགས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-30

    རྟེན་འབྲེལ་འཕྲིན་ཡིག

    ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་འཚོགས་མཚམས་འདིར། ངས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བ་དང་སྦྲགས། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ལ་འཚམས་འདྲི་ཡང་ཞུ་གི་ཡིན།

    དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་། དང་བླངས་པས་མི་གཞན་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཐབས་ལམ་གལ་ཆེན་ཞིག་རེད། རྒྱང་ལམ་གསར་པར་རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ཀྱིས་དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། མི་སེར་གྱི་དམངས་འཚོར་ཞབས་འདེགས་ཞུ་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་བདེན་ལེགས་མཛེས་གསུམ་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་བསྒྲགས་ཧུར་ཐག་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྐྱེས་སུ་འབུལ་བའི་རེ་བ་ཡོད།

    ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནན་ཏན་ངང་ཁུར་ནས། དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་སུ་དང་བླངས་ཞབས་ཞུའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས།

    ཞི་ཅིན་ཕིང་ནས།

    2025ལོའི་ཟླ་11ཚེས་27ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་འཚོགས་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་སྦྲགས། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ལ་འཚམས་འདྲི་ཡང་ཞུས་པ་རེད།

    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་། དང་བླངས་པས་མི་གཞན་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཐབས་ལམ་གལ་ཆེན་ཞིག་རེད། རྒྱང་ལམ་གསར་པར་རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ཀྱིས་དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། མི་སེར་གྱི་དམངས་འཚོར་ཞབས་འདེགས་ཞུ་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་བདེན་ལེགས་མཛེས་གསུམ་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་བསྒྲགས་ཧུར་ཐག་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྐྱེས་སུ་འབུལ་བའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནན་ཏན་ངང་ཁུར་ནས། དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་སུ་དང་བླངས་ཞབས་ཞུའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས། 

    ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་ཚེས་27ཉིན་དང་ཚེས་28ཉིན་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།

    ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ནི་2013ལོའི་ཟླ་བ་12པར་བཙུགས་པ་དང་། དེ་ནི་དང་བླངས་ཞབས་ཞུའི་རྩ་འཛུགས་དང་། དང་བླངས་པ། དེ་བཞིན་འབྲེལ་ཡོད་ཚན་པ་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་རང་མོས་ངང་བཙུགས་པའི་རྒྱལ་ཡོངས་རང་བཞིན་དང་། མཉམ་འབྲེལ་རང་བཞིན། ཁེ་གཉེར་རང་བཞིན་མིན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་རེད། དེས་ལོ་མང་རིང་རང་རྒྱལ་གྱི་དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།