དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཆུ་བོ་དང་མཚོའི་སྐྱེ་ཁམས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-30

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི“‘སྤུས་ཚད་མཐོ་པོས’‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད”ཀྱི་བརྗོད་དོན་གཙོ་བོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱི་ཆུ་ལོག་དང་ཐན་པའི་གནོད་འཚེ་སྔོན་འགོག་དང་། གཙང་པོ་དང་ཆུ་བོ། མཚོ་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་། ཆུའི་ཐོན་ཁུངས་ལེགས་གཏོང་གི་སྡེབ་སྒྲིག་སོགས་ཀྱི་ནུས་པ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། མིག་སྔའི་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཆུ་བེད་ལ་མ་འཇོག་སྒོར་དུང་ཕྱུར་403.38ཡོངས་འདུས་དོན་འཁྱོལ་བྱས་པ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མ་འཇོག་གི་ལྡབ་2.5ཡིན་པས། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོའི་སྐྱེ་ཁམས་བཟང་པོ་ཟམ་མི་ཆད་པར་རྒྱུན་འཁྱོངས་ཐུབ་ཡོད།

    རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་སྐྱིད་ཆོས་ཀྱིས། ཆུ་བེད་འཕེལ་རྒྱས་ཐད་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ལ་ཆོག་མཆན་ཐོབ་ཡོད། ལ་ལྷོའི་ལས་གྲྭ་ལས་མཇུག་འགྲིལ་ཏེ་ཕྱོགས་ཡོངས་ནས་ཕྱོགས་བསྡུས་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་། བར་རྩེའི་ཆུ་བེད་ལྟེ་བ་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཆུ་བདེ་བླག་ངང་བཀག་ཡོད། ལྗོངས་ཡོངས་སུ་གསར་སྣོན་ཆུ་མཛོད་དུ་ཁྱོན་ཆུ་ཤོང་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་5.88མང་དུ་ཕྱིན་པ་དང་གསར་སྣོན་ཆུ་བེད་ལས་གྲྭའི་ཆུ་མཁོ་སྤྲོད་ནུས་པ་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་1.99མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་426.18ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”ལོ་མཇུག་ལས་མུའུ་ཁྲི་8.16མང་དུ་ཕྱིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཞིང་ནང་དུ་ཞིང་ཆུ་ནུས་ལྡན་འདྲེན་པའི་བཏགས་གྲངས་0.463ཟིན་ཡོད། ལྗོངས་ཡོངས་ཀྱི་གཙང་པོ་དང་ཆུ་བོའི་ཆུ་རགས་རིམ་པ་1-5བར་ཚད་ལོན་ཚད་90%ཡན་ཟིན་ཡོད།

    ཆུ་བོ་དང་མཚོ་དོ་དམ་དང་སྲུང་སྐྱོང་ཐད། ཏང་སྲིད་འགོ་ཁྲིད་ཀྱིས་གཙོ་བོར་བྱེད་པའི་འགན་འཁྲིའི་མ་ལག་དང་། ཆུ་དཔོན་དང་མཚོ་དཔོན་གྱི་སྟབས་བསྟུན་རིམ་གསབ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་3དང་རང་སྐྱོང་ལྗོངས་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་75 གྲོང་ཁྱེར་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་153བཅས་བསྐྲུན་ཡོད། 2024ལོར་ལྗོངས་ཡོངས་ཀྱི་སྒོར་ཁྲིའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཆུ་སྤྱོད་ཚད་2020ལོའི་དུས་མཚུངས་ལས་23.3%ཆག་པ་དང་། སྒོར་ཁྲིའི་བཟོ་ལས་ཀྱི་ཟུར་སྣོན་རིན་ཐང་གི་ཆུ་སྤྱོད་ཚད་2020ལོའི་དུས་མཚུངས་ལས་58%ཆག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།