དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉེ་བའི་ལོ་ལྔའི་རིང་ཁྱིམ་ཚང་གཏུམ་སྤྱོད་ཀྱི་གྱོད་གཞིའི་གྲངས་འབོར་ཉུང་དུ་འགྲོ་བའི་རྣམ་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-28

    ཚེས་25ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་བའི་ལོ་ཤས་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེས་གསོག་ལ་རྡུང་རྡེག་བཏང་བའི་གཞི་རྩའི་གནས་ཚུལ་དང་བཅོས་སྐྱོང་གི་ཕན་འབྲས་དང་བརྡ་ཁྱབ་བཏང་བ་མ་ཟད། ཁྲིམས་ལྟར་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེས་གསོག་ལ་ཆད་པ་བཅད་པའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཁྱབ་བསྒྲགས་བྱས་པ་རེད།

    2021ལོའི་ཚུན། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱིམ་ཚང་གཏུམ་སྤྱོད་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་2800ལྷག་ཙམ་འཛིན་པར་ཆོག་མཆན་སྤྲད་པ་དང་། མི་3400ལྷག་ཙམ་ལ་ཞུ་གཏུག་བརྒྱབ་པ་རེད། ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེས་གསོག་གྱོད་གཞིའི་འཛིན་བཟུང་ཆོག་མཆན་ཐོབ་ཚད་དེ་ཉེས་དོན་གྱོད་གཞིའི་འཛིན་བཟུང་ཆོག་མཆན་ཐོབ་ཚད་ལས་བརྒྱ་ཆའི་གྲངས་བཅུ་ཙམ་གྱིས་མཐོ་བ་ཡོད། ཉེས་གསོག་གི་ཉེས་ཚབས་ཆེ་བའི་ཞུ་སྦྱོར་ཕྱི་མར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞུ་གཏུག་རྒྱག་པ་དང་འབྲེལ་ཉེས་ཆད་ལྕི་པོ་གཅོད་རྒྱུའི་གྲོས་འགོ་བཏོན་ཡོད། ཉེ་བའི་ལོ་ལྔའི་རིང་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེས་གསོག་གྱོད་གཞིའི་ཞུ་སྦྱོར་ཕྱི་མ་500ལྷག་ཙམ་ལ་ཚེ་བཙོན་ཡན་གྱི་ཆད་པ་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།