མི་དམངས་ཉིན་རེའི་ཚགས་པར་གྱི་གློག་རྡུལ་ཚགས་པར་ལྟ་ཀློག་སྒྲོམ་སྟེགས་ཨ་རིའི་ཉིའུ་གཡོད་དུ་བཙུགས་པ།
ཉེ་ཆར། མི་དམངས་ཉིན་རེའི་ཚགས་པར་གྱི་གློག་རྡུལ་ཚགས་པར་ལྟ་ཀློག་སྒྲོམ་སྟེགས་ཀྱི་ཡོལ་བ་འབྱེད་པའི་མཛད་སྒོ་ཨ་རིའི་ཉིའུ་གཡོད་དུ་འཚོགས་ཤིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མཱ་ཧུང་ཝུའེ་དང་ཉིའུ་གཡོད་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བའི་ལས་ཚབ་མཱ་ཞའོ་ཞའོ་མཛད་སྒོར་ཞུགས་པ་རེད།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ། མི་དམངས་ཉིན་རེའི་ཚགས་པར་གྱི་གློག་རྡུལ་ཚགས་པར་ལྟ་ཀློག་སྒྲོམ་སྟེགས་ཨ་རིར་ཐོག་མར་བཙུགས་པ་དེ། ཀྲུང་གོ་དང་ཨ་རིའི་མཛའ་མཐུན་མཉམ་ལས་ཀྱི་འབོད་སྒྲ་ཁྱབ་སྤེལ་གཏོང་སའི་གཞི་རྟེན་གསར་པར་གྱུར་ཡོད། རྒྱ་ཡིག་དང་དབྱིན་ཡིག་སྐད་ཡིག་གཉིས་ཀྱི་ཁྱབ་སྤེལ་མ་ལག་ལྡན་པའི་གློག་རྡུལ་ཚགས་པར་ལྟ་ཀློག་སྒྲོམ་སྟེགས་འདིས་བྱེད་ནུས་ཅན་དང་། རྣམ་པ་ཅན། མངགས་འགོད་ཅན་བཅས་ཀྱི་རིག་གནས་དང་ཆ་འཕྲིན་གྱི་ཞབས་འདེགས་ཞུ་ཐུབ་ཅིང་། ལྷག་པར་དུ། “ཀུའུ་ལིན་གྱི་གཏམ་རྒྱུད་ནས་ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ཀྱི་གཏམ་རྒྱུད་གཅེས་བཏུས་བར”དང་། “ལོ་རྒྱུས་ཀྱི་བྲག་ཅ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁུལ་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། སྐབས་དང་པོའི་ཀུའུ་ལིན་གླེང་སྟེགས་ཐོག་བསྡུ་རུབ་བྱས་པའི་བརྩམས་ཆོས་སྙིང་པོ་འདུས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་གི་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་པར་བྱས་པ། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་ཆེད་དཔུང་པ་མཉམ་གཤིབ་ཀྱིས་ཁྲག་བཏོན་དམར་འཛིང་བྱས་པའི་ལོ་ཟླར་དྲན་གསོ་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།