ལྷ་གྲུ་ཨང་ཉེར་གཉིས་པའི་འཕུར་གྲུ་འཕེན་གཏོང་ལམ་ལྷོངས་བྱུང་བ།

པེ་ཅིང་གི་དུས་ཚོད་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་11ལ། ལྷ་གྲུ་ཨང་ཉེར་གཉིས་པའི་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉེར་གཉིས་པ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཤིང་། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱི་འཕྲལ་སྡོམ་འཕེན་གཏོང་ལས་འགན་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་11ལ། ལྷ་གྲུ་ཨང་ཉེར་གཉིས་པའི་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉེར་གཉིས་པ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཤིང་། སྐར་མ་10ཙམ་སོང་རྗེས་ལྷ་གྲུ་ཨང་ཉི་ཤུ་པའི་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་གྱེས་ནས་འཆར་གཞི་ལྟར་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་པས། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱི་འཕྲལ་སྡོམ་འཕེན་གཏོང་ལས་འགན་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད།
ལྷ་གྲུ་ཨང་ཉེར་གཉིས་པའི་འཕུར་གྲུ་འཁོར་ལམ་དུ་སླེབས་རྗེས་ལས་རྣམ་བཀོག་སྒྲིག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། པེ་ཅིང་གི་དུས་ཚོད་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་15དང་སྐར་མ་50ལ། བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་གི་སྣེ་མོར་སྦྲེལ་མཐུད་བདེ་བླག་ཐུབ་པ་དང་། སྦྲེལ་མཐུད་ལེགས་གྲུབ་བྱུང་རྗེས། ལྷ་གྲུ་ཨང་ཉེར་གཉིས་པའི་འཕུར་གྲུ་སྡེབ་སྒྲིག་ཕུང་འཇོག་དུམ་བུར་ཁ་བསྒྱུར་ནས་རྗེས་མཐུད་ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གི་ཕྱིར་ལོག་གི་འཕུར་གྲུར་སྤྱོད་རྒྱུ་རེད།
མིག་སྔར། ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པ་ཚོགས་ཆུང་གི་འཁོར་ལམ་རྣམ་པ་ཡག་པོ་ཡོད་པ་དང་། འཆར་གཞི་ལྟར་གཏན་འཁེལ་བྱས་པའི་ལས་དོན་ཁག་ལེགས་སྒྲུབ་བྱེད་བཞིན་ཡོད། ལྷ་གྲུ་ཨང་ཉི་ཤུ་པའི་འཕུར་གྲུ་མུ་མཐུད་འཁོར་ལམ་དུ་བསྡད་ནས་འབྲེལ་ཡོད་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད། ལྷ་གྲུ་ཨང་ཉེར་གཉིས་པའི་འཕུར་གྲུ་ནི་མི་མེད་པའི་རྣམ་པ་ཡིན་ཞིང་། དེའི་ནང་འཇིག་རྟེན་འཕུར་སྐྱོད་པའི་ཟས་རིགས་དང་། སྨན་རྫས། ཤིང་ཏོག་དང་སྔོ་ཚལ་སོས་པ། ལྷ་གྲུ་ཨང་ཉི་ཤུ་པའི་འཕུར་གྲུའི་སྒེའུ་ཁུང་བཟོ་བཅོས་རྒྱག་པའི་སྒྲིག་ཆས། དེ་བཞིན་བར་སྣང་ས་ཚིགས་ལ་མཁོ་བའི་དངོས་རྫས་གཞན་སོགས་བླུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།