དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་39.5སྐྱེལ་འདྲེན་བྱས་པ།

    དུས་མཚུངས་ལས་6.4%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-27

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་39.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་6.4%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད། དེའི་ནང་ཟླ་བཅུ་ཚེས་གཅིག་ཉིན་འགྲུལ་པ་མི་ཐེངས་ཁྲི་2313.2སྐྱེལ་འདྲེན་བྱས་པ་དེས་ལྕགས་ལམ་གྱིས་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    ཟླ་བ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་བསྡོམས་ཡུལ་སྐོར་དུས་གཏན་མེ་འཁོར་2049བཏང་བ་དེ་དུས་མཚུངས་ལས་28.1%འཕར་ཞིང་། ས་གནས་ཁག་གི་འགྲན་བསྡུར་དང་། འགྲེམས་སྟོན། རིག་རྩལ་འཁྲབ་སྟོན་བྱེད་སྒོ་བཅས་ཀྱི་བཀོད་སྒྲིག་དང་སྦྲེལ་མཐུད་གནད་སྨིན་བྱས་པ་མ་ཟད། “གླུ་དབྱངས་ལ་དབྱིངས་ཞུགས་མཁན་གྱི་ཆེད་གཏོང་མེ་འཁོར”དང་། “སྤོ་ལོ་དབྱིངས་པའི་ཆེད་གཏོང་མེ་འཁོར” “ལྟ་སྐོར་སློབ་མའི་ཆེད་གཏོང་མེ་འཁོར”བཅས་ཆེད་མངགས་བཏང་ནས་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཞབས་ཞུ་དེ་བས་མང་བ་ཟམ་མི་ཆད་པར་ལེགས་སུ་དང་སྤུས་ཚད་མཐོ་རུ་བཏང་ཞིང་། སློབ་མ་དང་། བྱིས་པ། དབང་སྐྱོན་དམག་མི་སོགས་ཀྱི་འགྲུལ་པའི་ཤུགས་འགྲེམས་མེ་འཁོར་གྱི་གཟིགས་སྐྱོང་སྤ་སེའི་རིན་གོང་དེ་ལག་བསྟར་སྤ་སེའི་རིན་གོང་གི་གཟིགས་སྐྱོང་ལྟར་བཅག་ནས“རིན་གོང་གཉིས་གཅོག”ལོངས་སུ་སྤྱོད་ཐུབ་པ་དང་། “ལྕགས་ལམ་ཤར་བགྲོད”ཀྱི་རྒྱུན་སྡོད་འགྲུལ་པའི་ཚོགས་མིར་ཞབས་འདེགས་ཞུ་ཚད་ལེགས་སུ་བཏང་སྟེ། ལོ་60ལ་སླེབས་པའི་རྒྱུན་སྡོད་འགྲུལ་པའི་ཚོགས་མི་རྒན་རྒོན་དང་ལོ་14ནས་28བར་གྱི་རྒྱུན་སྡོད་འགྲུལ་པའི་ཚོགས་མིས་སྤ་སེ་ཉོས་ནས་མེ་འཁོར་ལ་སྡོད་རིང་རྒྱུན་སྡོད་འགྲུལ་པ་དཀྱུས་མའི་ཚོགས་མི་ལས་ལྡབ་3དང་ལྡབ་2ཀྱི་སྐར་མ་ཐོབ་ཐུབ། ལྕགས་ལམ་གྱི་12306སྤྱོད་དུད་ཞབས་ཞུའི་ལྟེ་གནས་སུ་ཚོགས་པའི་སྤ་སེ་མངགས་པའི་ཁ་པར་བདག་སྤྲོད་ཞབས་ཞུ་གསར་དུ་བསྣན་པ་དང་། ལྕགས་ལམ་གྱི་12306སྤྱོད་སྣེའི(དྲ་ཚུགས་ཚུད་པ)སྤ་སེ་ཐེངས་གཅིག་ལ་ཉོ་ཆོག་པའི་གྲངས་འབོར་19བར་ལེགས་སྒྲིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།