པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུར་སྐུལ་འདེད་གཏོང་བའི“དོན་དག་གཅིག་ལ་ཚད་གཞི་གཅིག”བཏོན་པ།
གསར་འགོད་པས་པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། 《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་མཐུན་སྦྱོར་མཉམ་ལས་ཀྱི་གྲོས་མཐུན(2023ལོ་ནས་2025ལོ་བར)》གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཁུལ་གསུམ་གྱིས་མཉམ་དུ《པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི“དོན་དག་གཅིག་ལ་ཚད་གཞི་གཅིག”གི་དོན་གནད་ཀྱི་གསལ་ཐོ་དང་ལས་སྒྲུབ་ཀྱི་ཕྱོགས་སྟོན(ཁག་གཉིས་པ)》གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་། ཁག་དང་པོའི“དོན་དག་གཅིག་ལ་ཚད་གཞི་གཅིག”གི་དོན་གནད་15ཡི་རྨང་གཞིའི་ཐོག་མུ་མཐུད་ཁྱབ་ཁོངས་ཆེ་རུ་བཏང་སྟེ་དོན་གནད་6གསར་དུ་བསྣན་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ལས་སྒོ་མཐུན་སྦྱོར་ཡོང་བར་སྔར་བས་སྐུལ་འདེད་བཏང་ཁར་སྒྲུབ་གཉེར་ཞབས་ཞུའི་ཚད་གཞི་ཚད་ལྡན་དང་གཅིག་གྱུར་བྱས་ཡོད། དེར་བརྟེན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི“དོན་དག་གཅིག་ལ་ཚད་གཞི་གཅིག”གི་དོན་གནད་21ཟིན་གྱི་ཡོད་པ་རེད།
ད་ཐེངས་གསར་དུ་བསྣན་པའི་དོན་གནད་6གིས་སྤྱི་ཚོགས་འགན་སྲུང་གི་ལས་སྒོ་མང་པོར་དམིགས་ཡོད་པ་སྟེ། དེའི་ནང་ཁེ་ལས་ཀྱི་ཐོ་འགོད་མེད་པར་བཟོ་བ་དང་། རྒན་གསོའི་ཐོབ་ཆའི་དཔང་ཡིག་འདྲི་རྩད་དང་པར་སློག ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་ལས་རྨས་འགན་བཅོལ་གྱི་སྨན་རིན་ཐད་ཀར་རྩིས་ཞུ། ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་འདུན་ཞུ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཚབ་འཇལ། རིན་གོང་ཐད་གནས་སྐབས་ཁ་གསབ་སྤྲོད་པ་བཅས་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།