རྩལ་ནུས་ཤེས་ལྡན་པའི་སྐབས་བསྟུན་དགོས་མཁོར་ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱིས་ལྟ་སྟངས་ཇི་ལྟར་འཛིན་ནམ།
གསར་འགྱུར་ལ་ལའི་ནང་རང་རྒྱལ་ལ་རྩལ་ནུས་ཤེས་ལྡན་པ་མང་པོ་ཡོད་ཅེས་དང་། ཡང་གསར་འགྱུར་ལ་ལའི་ནང་རང་རྒྱལ་ལ་རྩལ་ནུས་ཤེས་ལྡན་པ་ཁ་ཐང་པོ་ཡོད་ཅེས་བརྗོད་ཀྱི་ཡོད། གོང་གསལ་གྱི་སྐད་ཆ་འདི་གཉིས་ཕན་ཚུན་འགལ་ཟླ་མ་རེད་དམ། ཤོད་ཚུལ་མི་འདྲ་བ་ཁག་གཉིས་བྱུང་དོན་གང་ཡིན་ནམ།
—— མི་དམངས་དྲ་བའི་དྲ་གྲོགས།
དོན་དངོས་སུ་གསར་འགྱུར་གཉིས་ཀའི་ནང་བཤད་པ་ཚང་མ་བདེན་པ་རེད།
ཕྱོགས་གཅིག་ནས་རང་རྒྱལ་ནི་ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན། རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་དངོས་གནས་མི་ཉུང་བ་ཞིག་ཡོད་པའི་ནང་རྩལ་ནུས་ཆེན་པོ་ལྡན་པའི་ཤེས་ལྡན་པ་ཁྲི་7200ལྷག་ཙམ་ཡོད་ཅིང་། ཤེས་ལྡན་པའི་ཐོན་ཁུངས་ཀྱི་བསྡོམས་འབོར་དང་། ཚན་རྩལ་དང་མི་ཤུགས་ཐོན་ཁུངས་ཀྱི་བསྡོམས་འབོར། ཞིབ་འཇུག་གསར་སྤེལ་བའི་བསྡོམས་འབོར་བཅས་ཚང་མ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།
ཕྱོགས་གཞན་ཞིག་ནས་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་འགྲོ་སྐྱོད་བྱེད་མང་བ་དང་། རྩལ་ནུས་ལས་རིགས་ཀྱི་ཁེ་ལས་ཀྱི་གླ་ཕོགས་མང་པོ་མེད་པ། རྩལ་ནུས་ཤེས་ལྡན་པ་འཚར་ལོངས་དང་འཕེལ་རྒྱས་གཏོང་བའི་བར་མཐོངས་བལྟོས་བཅས་ཀྱིས་ཚད་ཡོད་པ་སོགས་ཀྱིས་རྐྱེན་པས་རྩལ་ནུས་ཤེས་ལྡན་པ་ཁ་ཐང་བའི་གནས་ཚུལ་སྐབས་བསྟུན་གྱི་ཚུལ་དུ་གནས་ཡོད། ཡུན་རིང་མ་སོང་གོང“མི་ཐབས་རིག་ནུས་ཐད་ཀྱི་སྦྱོང་བརྡར་དགེ་རྒན་ཉིན་རེ་བཞིན་དགོས་མཁོ་ཆེ་བའི་ལས་རིགས་ཤིག་ཏུ་གྱུར་ཡོད”ཅེས་པ་གསར་འགྱུར་དྲ་བའི་ཐོག་འཚོལ་བཤེར་བྱེད་མཁན་མང་པོ་བྱུང་ཞིང་། དེ་ཐོག་ནས་གོང་གསལ་གྱི་གནད་དོན་ལ་ར་སྤྲོད་གང་ལེགས་བྱས་ཡོད།
དེས་ན། རྩལ་ནུས་ཤེས་ལྡན་པ་མང་ནའང་བཀོལ་སྤྱོད་མི་འདང་བ་དེ་ཕན་ཚུན་འགལ་ཟླར་གྱུར་པའི་དོན་དངོས་ཤིག་ཏུ་གྱུར་ཡོད།
ཤེས་ལྡན་པ་དང་ཁྲོམ་ར་ནི་མཁོ་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་རེད། འཕེལ་རྒྱས་ཀྱི་ཡོངས་ཁྱབ་ཆོས་ཉིད་ལ་བལྟས་ན། རྟག་ཏུ་ཁྲོམ་རའི་དགོས་མཁོ་སྔོན་དུ་དང་ཤེས་ལྡན་པ་མཁོ་སྤྲོད་རྗེས་སུ་ཡིན་པ་ལས་དེ་གཉིས་དུས་གཅིག་ཏུ་སྤྱིར་ན་ཡོང་གི་མེད། མཁོ་སྤྲོད་ལ་དུས་ཚོད་ཀྱི་བར་ཁྱད་དང་མྱུར་ཚད་ཀྱི་བར་ཁྱད་བྱུང་དུས་ཤེས་ལྡན་པ་སྐབས་ཤིག་རིང་ཁ་ཐང་བའི་གནས་ཚུལ་ཐོན་པ་ནི་ལྡོག་ཐབས་མེད་པ་ཞིག་རེད།
ལྷག་པར་དུ། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། དཔལ་འབྱོར་གྱི་རྒྱུ་རྐྱེན་གཙོ་བོ་དར་འཕེལ་འགྲོ་བ་དང་ཁྲོམ་རར་འགྱུར་ལྡོག་འགྲོ་མགྱོགས་པའི་སྐབས་སུ་རྩལ་ནུས་ཤེས་ལྡན་པའི་ཁ་ཐང་བའི“འཚར་ལོངས་ཀྱི་དཀའ་གནད”དེ་སྐབས་འགར་དེ་བས་ཆེ་རུ་འགྲོ་སྲིད།
ལག་རྩལ་གསར་པ་རིམ་འཇུག་བྱུང་ནས་དགོས་མཁོ་ཆེ་རུ་ཕྱིན་པ།——
མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་ལག་རྩལ་གསར་པ་འཕེལ་རྒྱས་མྱུར་པོ་དང་བེད་སྤྱོད་རྒྱ་ཁྱབ་བྱུང་ནས་མི་ཐབས་རིག་ནུས་ཐད་ཀྱི་སྦྱོང་བརྡར་དགེ་རྒན་དང་སྤྲིན་དྲའི་རིག་ནུས་བདག་གཉེར་སྲུང་སྐྱོང་བ་སོགས་ཀྱི་དགོས་མཁོ་ཆེ་རུ་སོང་ཡོད། གྲངས་འཛིན་དཔལ་འབྱོར་དུས་རབས་སུ་འཁོད་པའི་རྩལ་ནུས་ཤེས་ལྡན་པས་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ན་མ་གཏོགས་ལས་རིགས་འཕེལ་རྒྱས་ཀྱི་རྗེས་སུ་སྙེག་མི་ཐུབ།
ལས་རྣམ་གསར་པ་ཟམ་མི་ཆད་པར་ཐོན་ནས་དགོས་མཁོ་ཆེ་རུ་ཕྱིན་པ།——
ཉེ་དུས་ལོ་གཉིས་རིང་ཅུང་གླེང་མང་བའི་དམའ་དབྱིངས་དཔལ་འབྱོར་ལ་ཆ་མཚོན་ན། མི་མེད་གནམ་གྲུའི་བཀོལ་སྤྱོད་གཞི་ཁྱོན་དང་སྤྱོད་ཡུལ་ཆེ་རུ་ཕྱིན་པ་དང་ཆབས་ཅིག མི་མེད་གནམ་གྲུ་ཁྱུ་ཚོགས་འཕུར་སྐྱོད་ཀྱི་འཆར་འགོད་པ་ལྟ་བུའི་རྩལ་ནུས་ཤེས་ལྡན་པ་མེད་དུ་མི་རུང་བར་གྱུར་ཡོད། ཡང་དཔེར་ན། རིག་ནུས་བཟོ་སྐྲུན་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པའི་ཁྱབ་ཁོངས་སུའང་ཤེས་ལྡན་པའི་དགོས་མཁོ་གསར་པ་མགྱོགས་མྱུར་ཆེ་རུ་འགྲོ་བཞིན་ཡོད།
རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པར་བྱེད་ཐབས་ཡོད་ལ་ཕན་འབྲས་ཀྱང་ཐོབ་པ།——
རྩལ་ནུས་ཀྲུང་གོའི་བྱ་སྤྱོད་དང་རྩལ་ནུས་ཆེ་བའི་སྣེ་ཁྲིད་ཤེས་ལྡན་པའི་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་བཏང་བ་དང་། ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་བ། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཁྱབ་སྤེལ་བཏང་བ། རྩལ་ནུས་ཤེས་ལྡན་པར་གདེང་འཇོག་བྱེད་པའི་ལམ་ལུགས་སྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ། “རིམ་པ་བརྒྱད་པའི་བཟོ་པ་གསར་པའི”ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་ཁྱབ་སྤེལ་བཏང་བ། རྩལ་ནུས་ཤེས་ལྡན་པའི་གླ་ཕོགས་བགོ་བཤའི་སྐོར་གྱི་ཁྲིད་སྟོན་ཁྱབ་བསྒྲགས་བྱས་པ། ཁེ་ལས་ལ་རྩལ་ནུས་ཕྱོགས་སྟོན་དུ་འཛིན་པའི་གླ་ཕོགས་བགོ་བཤའི་ལམ་ལུགས་འཛུགས་པར་ཁྲིད་སྟོན་བྱས་པ། ལས་རིགས་རྩལ་ནུས་འགྲན་བསྡུར་རྒྱ་ཁྱབ་ཏུ་སྤེལ་བ་ལ་སོགས། སྲིད་ཇུས་དང་བྱེད་ཐབས་ཀྱི་ཁྲིད་སྟོན་འོག་མི་དེ་བས་མང་བ་རྩལ་ནུས་ཤེས་ལྡན་པའི་ལམ་བུར་སྐྱོད་བཞིན་ཡོད།
ལས་རིགས་འཚོལ་ཞིབ་བྱས་པར་ཉམས་མྱོང་བསགས་ཡོད་ལ་གྲུབ་འབྲས་ཀྱང་ཐོབ་པ།——
སྔོན་ལ་ལས་ཞུགས་བྱེད་པའི་ཕྱོགས་སྟོན་འབུར་དུ་ཐོན་ཞིང་། སློབ་གླིང་དང་སློབ་གྲྭ་མི་ཉུང་བས་རིག་གཞུང་ཚན་ཁག་གི་ཆེད་ལས་ལེགས་སྒྲིག་བྱས་ཏེ། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཕུགས་ཕན་རང་བཞིན་ཆེ་རུ་བཏང་ཡོད། སློབ་གྲྭ་དང་ཁེ་ལས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་རྗེས། ལས་སློབ་གཞི་གཅིག་དང་སློབ་ཁེ་ལམ་ལུགས་གཉིས་ཀྱི་སློབ་གཉེར་བྱེད་སྟངས་ལག་ལེན་རྒྱ་ཁྱབ་བྱུང་སྟེ། ཤེས་ལྡན་པའི་འཁོར་སྦྲེལ་དེ་ཐོན་ལས་འཁོར་སྦྲེལ་དང་གསར་གཏོད་འཁོར་སྦྲེལ་དང་མགྱོགས་མྱུར་མཉམ་འདྲེས་ཡོང་བཞིན་ཡོད།
ཁྲོམ་ར་སྙོམས་སྒྲིག་བྱས་པར་ཁ་ཕྱོགས་ཡོད་ལ་ཕན་འབྲས་ཀྱང་ཐོབ་པ།——
རྩལ་ནུས་ཤེས་ལྡན་པ་ནི་ཁྲོམ་རར་དགོས་མཁོ་ཆེ་ཤོས་ཡིན་ཞིང་། ལས་གནས་ལ་ལའི་གླ་ཕོགས་ཇེ་མཐོར་འགྲོ་ཡི་ཡོད་པ་དང་། རྩལ་ནུས་ཤེས་ལྡན་པ་ཁག་གཅིག་དེ་བས་མཁོ་ཆེ་རུ་འགྲོ་བཞིན་ཡོད། ལས་ཞུགས་ཁྲོམ་རའི་འགྱུར་ལྡོག་ཕྱིར་མངོན་པ་དང་བསྟུན་ནས་སྤྱི་ཚོགས་ཀྱི་སེམས་ཁམས་ཀྱང་དེ་དང་ཆབས་ཅིག་འགྱུར་ལྡོག་འགྲོ་ལ། ཁྱིམ་ཚང་དང་མི་སྒེར་གྱིས་ལས་རིགས་འཆར་འགོད་བསྐྱར་དུ་བྱས་པ་བརྒྱུད། འབད་བརྩོན་བྱེད་ཕྱོགས་དང་འཚར་ལོངས་བྱེད་ཐབས་ཀྱང་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་མགྱོགས་མྱུར་ཡོང་བཞིན་ཡོད།
རྩལ་ནུས་ཤེས་ལྡན་པའི་སྐབས་བསྟུན་དགོས་མཁོ་ལས་ཁྲོམ་རའི་གསོན་ཤུགས་རྒྱས་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བ་མཚོན་ཐུབ་ལ། མི་སྒེར་གྱི་ངོས་ནས་བརྗོད་ན། འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེ་རུ་འགྲོ་བ་མཚོན་གྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གྲོས་འགོ་བཏོན་པར། “ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་ཏེ་སྤྱི་ཚོགས་ཡོངས་ཀྱིས་ལས་དོན་སྒྲུབ་པ་དང་། བྱ་གཞག་གཏོད་པ། གསར་གཏོད་བྱེད་པ་བཅས་ཀྱི་གསོན་ཤུགས་འཕེལ་བ་བྱས་ནས་མི་ནུས་གང་ཡོད་འདོན་པ་དང་། འཇོན་ཐང་གང་ཡོད་སྤྱོད་པ། མི་བརྒྱ་སེམས་མཐུན་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས” ཕྱོགས་མང་པོའི་ཐུན་མོང་གི་འབད་བརྩོན་འོག རྩལ་ནུས་ཤེས་ལྡན་པའི་མཁོ་སྤྲོད་དང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པའི་ཕྱོགས་གཉིས་མཉམ་འགུལ་དེ་བས་ཡག་པོ་བྱུང་སྟེ། མི་འབོར་གྱི་ཁེ་སྤོགས་དེ་ཤེས་ལྡན་པའི་ཁེ་སྤོགས་ཕྱོགས་སུ་མགྱོགས་མྱུར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་ཐེབས་རྒྱུའི་ཡིད་ཆེས་ཡོད།
འབྲེལ་ཡོད་གསར་འགྱུར།