ཟླ་དང་པོ་ནས་བཅུ་པའི་བར་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་གསར་པའི་གྲངས་འབོར་དུས་མཚུངས་ལས་14.7%འཕར་བ།
གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་གསར་པ་53782ཟིན་པ་དེ་དུས་མཚུངས་ལས་14.7%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་6219.3ཟིན་གྱི་ཡོད་པ་རེད།
ལས་རིགས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ལ་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1619.1དང་ཞབས་ཞུའི་ལས་རིགས་ལ་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་4458.2དངོས་སུ་སྤྱད་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་ལ་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1925.2དངོས་སུ་སྤྱད་པའི་ཁྲོད། དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ལས་རིགས་དང་། སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་བཟོ་མཁན་ལས་རིགས། མཁའ་འགྲུལ་གྱི་ཡོ་བྱད་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ལ་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་དུས་མཚུངས་ལས་173.1%དང་། 41.4% 40.6%བཅས་སོ་སོར་འཕར་ཡོད་པ་རེད།
འབྱུང་རྩ་ནས་བལྟས་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། དབྱིན་ཇི། སུའེ་ཙེར་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་འཇོག་བྱས་ཚད་དུས་མཚུངས་ལས་48.7%དང་། 17.1% 13.2%(རང་དབང་གྲུ་ཁ་བརྒྱུད་མ་དངུལ་བཏང་བའི་གྲངས་གཞི་ཚུད་ཡོད)བཅས་སོ་སོར་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།